དགུ་བའི་ཉེར་བདུན་གྱི་སྒེར་ལངས་ཉིན་མོ་སྲུང་བརྩི།

2014-09-27
གློག་འཕྲིན།
མཆན།
Share
པར་བཀོད།
དེ་སྔ་༡༩༨༩ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཀྱི་འདྲ་པར།
དེ་སྔ་༡༩༨༩ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཀྱི་འདྲ་པར།
འཇམ་དཔལ་སྨོན་ལམ།

༄༅། །ཁ་ས་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་བདུན་གྱི་ཉིན་མོ་ནི། དེ་སྔ་ཕྱི་ལོ་ ༡༩༨༧ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ནས་ངོ་རྒོལ་གྱི་སྒེར་ལངས་ལས་འགུལ་སྤེལ་བའི་ཉིན་མོ་ཡིན་པར་བརྟེན། ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མཐོ་རིམ་སློབ་ཕྲུག་ཉི་ཤུ་རྩ་གྲངས་ཤིག་ནས། མི་ཚོགས་ཆེ་བའི་འདུ་འཛོམས་བྱེད་ཡུལ་རི་ལིའི་བབས་ཚུགས་ཤིག་ཏུ་འཁྲབ་སྟོན་གྱི་ལམ་ནས་བོད་དོན་དྲིལ་བསྒྲགས་སྤེལ་ནས་དྲན་གསོ་ཞུས་ཡོད་པ་དང༌། དེ་དང་ཕྱོགས་མཚུངས་བོད་ནང་དེ་སྔ་ཕྱི་ལོ་ ༡༩༨༧ ལོའི་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་བདུན་ཉིན་བྱུང་བའི་གནས་ཚུལ་དངོས་བྱུང་པར་རིས་ཀྱི་ལམ་ནས་མང་ཚོགས་ལ་ངོ་སྤྲོད་བྱས་འདུག སྐབས་དེར་ལས་འགུལ་གོ་སྒྲིག་ཞུ་མཁན་ལྡི་ལིའི་ནང་མཐོ་རིམ་སློབ་གཉེར་གནང་བཞིན་པ་ཚེ་རིང་མཐར་ཕྱིན་ལགས་ནས། ད་རེས་དུས་དྲན་སྲུང་བརྩི་ཞུ་བ་དང་ཆབས་ཅིག་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་མང་ཚོགས་བཅས་པར་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་སྡུག་སྦྱོང་ཇི་ཙམ་བཏང་དང་གཏོང་བཞིན་ཡོད་པའི་གནས་ཚུལ་ངོ་སྤྲོད་དང་། དེར་གཞིགས་པས་བོད་མི་ཚོའི་ངོས་ནས་ཀྱང་གདོང་ལེན་ག་འདྲ་བྱེད་ཀྱི་ཡོད་མེད་གོ་རྟོག་སྤེལ་ཐབས་སུ་དམིགས་པ་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་འདུག ད་རེས་ལས་འགུལ་འདི་བཞིན་པར་རིས་དང་། འཁྲབ་སྟོན་གཏམ་བརྗོད་ཀྱི་ལམ་ནས་དྲིལ་བསྒྲགས་སྤེལ་བ་ཙམ་མ་ཡིན་པར་ས་རྟགས་བསྡུ་རུབ་བྱེད་ཀྱི་ཡོད་པ་མ་ཟད་སྤྱི་ཚོགས་ཀྱི་དེང་དུས་དང་མཐུན་པའི་ལམ་ནས་དྲ་ལམ་བརྒྱུད་ནས་ཀྱང་ཁྱབ་སྤེལ་བྱས་ཡོད་པའི་སྐོར་གསུངས་འདུག།

 

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།