རྒྱ་ནག་གཞུང་ནས་བོད་མི་ཁག་ཅིག་ལ་ཁྲིམས་ཐག་བཅད་སྐོར།

བོད་ཀྱི་འཕན་པོ་ཁུལ་བོད་མི་ཁག་ཅིག་ལ་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་བཙུགས་འོག་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་འདུག།
2008-07-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་འཕན་པོ་ཁུལ་བོད་མི་ཁག་ཅིག་ལ་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་བཙུགས་འོག་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་འདུག།

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་བོད་དུ་ངོ་རྒོལ་བྱུང་བ་ཁག་གི་གནས་ཚུལ་ཁ་སྣོན་བཏོན་པའི་ནང་གསལ་ལྟར་ན། ཕྱི་ཟླ་དྲུག་པའི་ཟླ་དཀྱིལ་ཙམ་ལ་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་ཁང་ཞིག་ནས། འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་ ༡༥།༡༦། ཉིན་གཉིས་རིང་འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་ཞི་རྒོལ་བྱུང་བའི་ནང་ཞུགས་མཁན་ཁོང་བོད་མི་ཁག་ཅིག་ལ་དུས་བཀག་བཙོན་བཅུག་བཟོས་ཡོད་འདུག། དེའི་ཁོངས་སུ་འཕན་པོ་དགའ་ལྡན་ཆོས་འཁོར་ཤང་ནས་ཡིན་པའི་དབུ་རྒྱན་སྨད་གྲོང་གི་བུ་བསྟན་འཛིན་ལྷ་སྒྲོན་ཞེས་པར་ལོ་བཅུའི་བཙོན་བཅུག་དང་། ཡང་ས་གནས་དེ་རང་ནས་ཡིན་པའི་བསམ་གྲུབ་ཅེས་པར་ལོ་བཅུ་གསུམ་གྱི་བཙོན་བཅུག་ཉེས་ཆད་བཏང་ཡོད་འདུག། དེ་དང་ཕྱོགས་མཚུངས་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཁོངས་སུ་བདེ་གྲོང་ནས་ཡིན་པའི་སྐལ་ལྡན་གྱིས་གཙོས་མི་གྲངས་གསུམ་ལ་ཁག་སོ་སོར་དུས་བཀག་བཙོན་བཅུག་ལོ་ ༢༠ དང༌། ལོ་༡༧། ལོ་༡༢ བཅས་བཟོས་ཡོད་འདུག།

ཡང་སྐབས་དེར་འཛིན་བཟུང་བྱས་པའི་ཁོངས་ནས་མི་གཉིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག།

ཡང་སྐྱེས་ཡུལ་ཆུ་ཤུལ་རྫོང་ཁོངས་ནས་ཡིན་ཞིང་འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་མག་པར་ཡོང་བའི་བློ་བཟང་ཟླ་བ་ཞེས་པར་ལྷ་སའི་ནང་གསུམ་པའི་གསུམ་ཚེས་བཅུ་བཞིའི་ཉིན་གྱི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་གྲས་ཡིན་པའི་ཉེས་མིང་འོག་འཕན་པོ་ལྷུན་གྲུབ་རྫོང་ནས་འཛིན་བཟུང་བྱས་འདུག་པ་དང༌། ཁོང་གི་གཅུང་པོ་ར་སྟོད་གྲཱ་བསྟན་དར་ཟེར་པ་ཞིག་ཀྱང་ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་ཚན་པ་ཞིག་གིས་འཛིན་བཟུང་བྱས་ཡོད་འདུག། ད་ཆ་ཁོང་གཉིས་ལྷ་སའི་ཁུལ་གྱི་བཙོན་ཁང་ཁག་ཏུ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང༌། འགའ་རེས་བསྟན་དར་འདས་གྲོངས་ཟིན་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།