བོད་དོན་ལ་རྒྱབ་སྐྱོར་ནམ་ཡང་མཚམས་འཇོག་མི་སྲིད།


2017.05.10
 བཞུགས་སྒར་དུ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་པར་ཕེབས་པའི་དགའ་བསུའི་མཛད་སྒོའི་སྐབས། ༢༠༡༧།༥།༡༠ བཞུགས་སྒར་དུ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་པར་ཕེབས་པའི་དགའ་བསུའི་མཛད་སྒོའི་སྐབས། ༢༠༡༧།༥།༡༠
སངས་རྒྱས་རྡོ་རྗེ། /RFA

ལྕམ་(Nancy Pelosi)་མཆོག་གིས་ང་ཚོས་༧གོང་ས་མཆོག་བོད་ནང་གདན་ཞུའི་ཆེད་འབད་བརྩོན་གྱི་དམ་བཅའ་བཞག་ཡོད་པ་གསུངས་འདུག
དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུར་བཞུགས་ཀྱི་གཞུང་འབྲེལ་སྣེ་ལེན་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ Nancy Pelosi མཆོག་གིས་གཏམ་བཤད་གནང་བའི་ནང་། ཁོང་གོང་ས་མཆོག་གི་སྐུ་མདུན་དུ་ཡར་ལངས་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པ་འདི་ནི་ངས་དུས་རྟག་ཏུ་ཧ་ཅང་དམིགས་བསལ་ཅན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་དེ་རིང་ངའི་སེམས་ནང་ཆེ་མཐོང་དང་དགའ་ཚོར་ཆེན་པོ་ཐོབ་པའི་ཚོར་སྣང་ཞིག་ཡོང་བཞིན་འདུག་ཅེས་གསུངས་འདུག
དེ་བཞིན་ཁོང་གིས། ཁོང་རྣམས་རྡ་རམ་ས་ལར་ཕེབས་དགོས་དོན་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་དུ་ཡོང་བ་ཞིག་ཡིན་པ་དང་། ༧གོང་ས་མཆོག་གིས་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་དེར་ཐུགས་རེ་མཛད་བཞིན་པ་དེས་ང་ཚོར་སྙིང་སྟོབས་བསྐྱེད་བཞིན་འདུག་ཅེས་དང་། ཁོང་གིས་བོད་དང་། རྒྱ་གར། དེ་བཞིན་བལ་ཡུལ་སོགས་ནང་ཡོད་པའི་བོད་མི་ཚོས་རང་གི་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་སྲུང་སྐྱོབ་ཐོག་རྒྱུན་འཛིན་གནང་བཞིན་པར་བསྔགས་བརྗོད་གནང་ཐོག་ བོད་མིའི་མངོན་འདོད་ལ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་ཐུན་མོང་གིས་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་གསུངས་འདུག
ཡང་ཕྱི་ལོ་ ༢༠༡༥ ལོར་ ལྕམ་ Nancy Pelosi མཆོག་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་དུ་གཟིགས་སྐོར་ཕེབས་པའི་སྐོར་གསུངས་སྐབས། ང་ཚོ་སྐུ་ཚབ་འཐུས་མི་བཞི་པོ་བོད་དུ་བསྐྱོད་སྐབས་ཕོ་བྲང་པོ་ཏ་ལའི་༧རྒྱལ་བའི་གཟིམ་ཆུང་ནང་ང་ཚོ་བཞིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གཟིམ་ཆུང་དེར་སླར་ཡང་གདན་འདྲེན་ཞུ་ཐུབ་རྒྱུར་རང་ནུས་གང་ཡོད་ཀྱིས་འབད་བརྩོན་ཞུ་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་ཡིན་ཅེས་གསུངས་འདུག
དེ་བཞིན་ཁོང་གིས་མུ་འཐུད་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམ་ནས་བོད་དོན་རྒྱབ་སྐྱོར་འགོག་ཐབས་ཀྱི་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད་ཅེས་དང་། གལ་ཏེ་ང་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་གནོན་ཤུགས་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་བྱེད་བཞིན་པར་ངོ་རྒོལ་མ་བྱས་ཚེ། ང་ཚོས་འཛམ་གླིང་ས་ཕྱོགས་གཞན་གང་དུའང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་རང་བཞིན་གྱི་བརླག་རྒྱུ་རེད། དེར་བརྟེན་ང་ཚོས་བོད་དོན་རྒྱབ་སྐྱོར་མཚམས་འཇོག་ནམ་ཡང་བྱེད་ཀྱི་མ་རེད་ཅེས་གསུངས་འདུག
ད་དུང་ལྕམ་ Nancy Pelosi མཆོག་གིས། ང་ཚོ་བོད་དུ་བསྐྱོད་སྐབས་རྒྱ་ནག་གཞུང་གིས་ང་ཚོས་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་བཞིན་ཡོད། ང་ཚོས་དགོན་པའི་ཐོག་ཁེབས་སོགས་བཟོ་བཅོས་བརྒྱབ་པ་དང་དཀར་རྩི་བཏང་ཡོད། ཅེས་བརྗོད་སྐབས་ང་ཚོས་སྐབས་དེར་བོད་མི་ཚོར་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་དད་རང་དབང་སྤྲོད་དགོས་པ་ལས་དགོན་པའི་ཐོག་ཙམ་ཡར་རྒྱས་བཏང་དང་མ་བཏང་ལ་ང་ཚོར་ངོ་མཚར་བསྐྱེད་མ་བྱུང་། ཞེས་ལན་རྒྱབ་པ་ཡིན་ཚུལ་སོགས་གསུངས་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎