ཚེ་བཙོན་བཅད་ནས་གྲ་བཞིའི་བཙོན་ཁང་ནང་བཅུག་ཡོད་འདུག

2014-12-17
གློག་འཕྲིན།
མཆན།
Share
པར་བཀོད།

ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བའི་རྒྱུ་མཚན་གྱིས་དབང་འདུད་ཞུ་བ་ཞིག་ད་ལྟ་གྲ་བཞི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་བཅད་མྱོང་བཞིན་འདུག
དེ་ཡང་དབང་འདུད་ལགས་ཀྱི་སྤུན་མཆེད་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན། བོད་རིགས་མིང་ལ་དབང་འདུད་ཞུ་བ་ད་ལྟ་ལོ་ན་༤༤་ཙམ་ཡིན་པ་ཁོང་གིས་བོད་ཀྱི་ཁོར་ཡུག་གི་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བའི་རྒྱུ་མཚན་གྱིས་སྔོན་ཕྱི་ལོ་ ༢༠༠༨་ལོའི་ཕྱི་ཟླ་་༡༢་ཚེས་༢༢་ཉིན་རྒྱ་ནག་གིས་འཛིན་བཟུང་བྱས་ནས་ལྷ་སའི་ཉེ་འགྲམ་གྲ་བཞི་བཙོན་ཁང་ནང་ཡོད་པ་དང་། དགའ་ལྡན་དགོན་པའི་ཉེ་འཁོར་སྟག་རྩེ་བདེ་ཆེན་ནས་ཡིན་པའི་དབང་འདུད་ལགས་ཕྱི་ལོ་༡༩༨༨་ལོའི་ངོ་རྒོལ་ལས་འགུལ་ནང་ཞུགས་རྐྱེན་ལོ་ངོ་༡༣་ཙམ་གྱི་བཙོན་འཇུག་ཁྲིམས་བཅད་ཕོག་ཡོད་ཅིང་། དེ་ནས་ཕྱི་ལོ་ ༡༩༩༤་ལོར་ཁོང་གློད་བཀྲོལ་བཏང་རྗེས་ཁོང་གིས་ཆབ་སྲིད་ཀྱི་ལས་དོན་རིགས་སྤེལ་མེད་ཀྱང་ཕྱི་ལོ་་༢༠༠༨ལོར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་སྐོར་ལས་འགུལ་འདྲ་མིན་སྤེལ་བ་དང་། རྩིས་འཁོར་བརྒྱུད་བརྒྱུད་ནས་གནད་དོན་མང་པོ་འགྲེམས་སྤེལ་བྱས་པའི་གནད་དོན་ལས་རྒྱ་ནག་གཞུང་གིས་དབང་འདུད་ལགས་བསྐྱར་དུ་འཛིན་བཟུང་བྱས་ནས་ཚེ་བཙོན་གྱི་ཁྲིམས་བཅད་བཏང་ཡོད་པ་ངོ་སྤྲོད་བྱས་ཡོད།

གསར་འགོད་པ་བློ་བཟང་ཆོས་འཕེལ་དང་ཀརྨ་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།