ཞེ་ཅིན་ཕེན་གྱིས་སོག་ཡུལ་ལ་འཚམས་གཟིགས་དང་ཚོང་འབྲེལ།


2014.08.22
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་སོག་ཡུལ་ལ་འབྱོར་སྐབས། ༢༠༡༤།༨།༢༠ རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་སོག་ཡུལ་ལ་འབྱོར་སྐབས། ༢༠༡༤།༨།༢༠
AFP

རྒྱ་སོག་གཉིས་བར་གྱི་འབྲེལ་བའི་གནས་བབ་ཀྱི་ཚད་མཐོ་རུ་བཏང་ནས་རྒྱ་ཆེའི་སྲུང་སྐྱོབ་མཉམ་འབྲེལ་གནང་རྒྱུའི་མོས་མཐུན་བྱུང་ཡོད་འདུག
དེ་ཡང་ད་ལྟ་སོག་ཡུལ་ལ་ཡོད་པའི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་སོག་ཡུལ་གྱི་རང་དབང་རང་བཙན་གྱི་གནས་བབ་དང་སའི་བདག་དབང་ལ་བརྩི་བཀུར་ཞུ་རྒྱུ་ཡིན་པ་གསུངས་བ་དང་། རྒྱ་ནག་གི་སྲིད་འཛིན་མཆོག་གི་བཀའ་མོལ་དེ་ཁོང་གིས་སོག་ཡུལ་དང་ཚོང་གི་གྲོས་མཐུན་ཁག་སུམ་ཅུ་ཐམ་པ་བཞག་གནང་ནས་ཡུལ་གཉིས་བར་གྱི་ཚོང་འབྲེལ་དེ་ཕྱི་ལོ་ ༢༠༢༠ནང་ཚུད་ཨ་སྒོར་ཐེར་འབུམ་༡༠བར་སླེབས་ཐུབ་པ་གནང་རྒྱུའི་ཁས་ལེན་ཡང་གནང་འདུག ཕྱི་ལོ་༢༠༠༢ལོར་སོག་ཡུལ་དང་རྒྱ་ནག་བར་གྱི་ཚོང་འབྲེལ་གྱི་དངུལ་འབབ་དེ་ཨ་སྒོར་ས་ཡ་༣༢༤ ལས་བྱུང་མེད་ཀྱང་ཕྱི་ལོ་ ༢༠༡༣ ལོར་ཡུལ་གཉིས་བར་གྱི་ཚོང་འབྲེལ་གྱི་དངུལ་འབབ་དེ་ཨ་སྒོར་ཐེར་འབུམ་དྲུག་བར་འཕར་ཡོད་པ་དང་། སོག་ཡུལ་དང་ཕྱི་རྒྱལ་ཡུལ་ཁག་བར་གྱི་ཚོང་འབྲེལ་གྱི་བརྒྱ་ཆ་ལྔ་བཅུ་ཙམ་དང་ཕྱི་རྒྱལ་གྱི་ཚོང་འབྲེལ་གྱི་ལྟེ་གནས་ཁག་བརྒྱ་ཆ་ལྔ་བཅུ་ཙམ་ཞིག་རྒྱ་ནག་ནས་ཡིན་པ་རྒྱ་ནག་གིས་གནས་ཚུལ་སྤེལ་འདུག
ཉེ་བའི་ལོ་ཤས་ནང་སོག་ཡུལ་གྱི་དཔལ་འབྱོར་གྱི་འཕེལ་རྒྱས་ཏེ་ཧ་ཅང་གྱི་མྱུར་པོ་ཕྱིན་ཡོད་པ་དང་། དེ་ཡང་བརྒྱ་ཆ་ ༡༧ དང་ཕྱེད་ཀ་ཙམ་བྱུང་ཡོད་ཀྱང་ཡུལ་ནང་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་དང་ཡུལ་གྱི་རྡོ་སོལ་གྱི་རིན་གོང་ཆུང་དུ་ཕྱིན་པའི་དབང་གིས་ཡུལ་གྱི་ལོ་འདིའི་འགོ་སྟོད་ཀྱི་དཔལ་འབྱོར་གྱི་འཕེལ་རྒྱས་ཏེ་བརྒྱ་ཆ་ལྔ་དང་གྲངས་ཆུང་གསུམ་ལས་བྱུང་མེད་པ་རེད། སོག་པོའི་ Sant Maral Foundationཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འགོ་ཁྲིད་སྐུ་ཞབས་Sumati Luvsan dendevཡིས་རྣམ་ཀུན་ཡིན་ན་སོག་པོ་རྣམས་ཀྱིས་རྒྱ་ནག་ནས་ཡུལ་གྱི་དཔལ་འབྱོར་ནང་ཐེ་བྱུས་བྱེད་རྒྱུ་དེར་དོགས་པ་རྣམ་རྟོག་ཡོད་ནའང་ད་ལྟ་དཔལ་འབྱོར་གྱི་འཕེལ་རྒྱས་ཆུང་དུ་འགྲོ་བཞིན་པའི་གནས་སྟངས་དེར་རྒྱ་ནག་ནས་རོགས་པ་མི་ཞུ་ཀ་མེད་ཆགས་ཡོད་སྐོར་གསུངས་འདུག ཡང་ཁོང་གིས་སོག་ཡུལ་ནང་དཔལ་འབྱོར་གྱི་འཛུགས་བསྐྲུན་ཧ་ཅང་གི་ཆེན་པོ་བྱེད་རྒྱུར་ལས་མི་དང་མིའི་ཤེས་ཚད་ཡང་འདེངས་ངེས་ཤིག་མེད་པའི་དཀའ་ངལ་ཡང་གསུངས་འདུག ད་ཐེངས་ཀྱི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་སོག་ཡུལ་གྱི་རྒྱལ་དོན་འཚམས་གཟིགས་དེར་ཡུལ་གཉིས་བར་གྱི་འབྲེལ་བའི་གནས་བབ་ཀྱི་ཚད་མཐོ་རུ་བཏང་ནས་རྒྱ་ཆེའི་སྲུང་སྐྱོབ་མཉམ་འབྲེལ་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧གོང་ས་མཆོག་གིས་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་དགའ་ལྡན་ཁྲི་ཐོག་ ༡༠༥ པར་བསྐོ་བཞག་ཕྱག་རྟགས་བསྩལ་གནང་མཛད་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་སུ་ལ་ཐོབ་ཀྱང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དེར་འགྱུར་བ་འགྲོ་རྒྱུ་མིན་པ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎