ཉི་མ་སྟོང་གི་ཉིན་ཐོ།

2021-06-23
Share
ཉི་མ་སྟོང་གི་ཉིན་ཐོ། ཉི་མ་སྟོང་གི་ཉིན་ཐོ།
རྡ་ས་བོད་ཀྱི་དཔེ་མཛོད་ཁང་།

སྤྱིར་བཏང་རང་རེར་སྤྱི་ཚོགས་ནང་ཉིན་ཐོ་འབྲི་བའི་གོམས་གཤིས་ཧ་ཅང་ཞན་པའི་ཁར་འདི་ལྟ་བུའི་ཉིན་ཐོའི་རིགས་དཔར་སྐྲུན་བྱས་ཏེ་དེབ་གཟུགས་སུ་བསྐྲུན་པའང་ཧ་ཅང་མཐོང་དཀོན་པའི་གནས་སུ་གྱུར་ཡོད་ན་ཡང་།དེ་རིང་གི་ཁ་བའི་གྲོས་རྭའི་ལེ་ཚན་འདིའི་ནང་གི་བརྗོད་གཞི་ནི། ཉིན་ཐོའི་ལམ་ནས་མི་ཚེའི་སྐྱིད་སྡུག་བརྗོད་པའི་དཔེ་དེབ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ ༼ ཉི་མ་སྟོང་གི་ཉིན་ཐོ་ ༽ ཞེས་པ་ཕྱག་དེབ་རྩོམ་པ་པོ་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ་ལགས་དང་ལྷན་ཁོང་གི་བརྩམས་ཆོས་སྤྱི་དང་། ལྷག་པར་དུ་རྡ་རམ་ས་ལ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པའི་ཀླུ་སྨྱོན་གྱི་མི་ཚེའི་གཏམ་རྒྱུད་སྟོད་ཆ་དང་སྨད་ཆའི་སྐོར། རྩོམ་པ་པོ་ཁོང་རང་ཉིད་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅར་འདྲི་བྱས་པ་ཞིག་ཡིན། ལེ་ཚན་འདིའི་ནང་སྨྱུག་ཐོགས་པ་ཁོང་གིས་སྤྱི་ལོ་༡༩༦༩ལོར་བོད་ནང་དུ་སྐྱེས་ཀྱང་དེ་སྔོན་རྒྱ་ནག་གི་བཅིང་འགྲོལ་དམག་མི་བོད་དུ་སླེབས་པའི་སྐབས་དེའི་གནས་སྟངས་དང་། ༡༩༧༦ལོར་མའོ་ཙེ་ཏུང་འདས་གྲོངས་སུ་ཕྱིན་པའི་སྔ་ཕྱིའི་དུས་འགྱུར་གྱི་གནས་ཚུལ་གོ་ཐོས་དང་དེ་འབྲེལ་དངོས་བྱུང་ཁག དེ་བཞིན་ཁོང་རང་ཉིད་བོད་ནས་སྐྱབས་བཅོལ་དུ་ཕེབས་ཏེ་རྒྱ་གར་དང་བལ་ཡུལ་དུ་འཚོ་བ་བསྐྱལ་བའི་སྐོར། དེ་ནས་ནུབ་ཕྱོགས་ཨ་རིའི་ཡུལ་དུ་སླེབས་ནས་ཤར་ནུབ་ཀྱི་མི་རིགས་སྟོང་ཕྲག་མང་པོར་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་དང་རྩོམ་འབྲིའི་མི་ཚེ་བསྐྱལ་བའི་སྐོར་སོགས་ཉིན་ཐོའི་ངོ་བོའི་ཐོག་ནས་དཔེ་དེབ་གསར་རྩོམ་བྱས་པ་བཅས་གསུངས་ཡོད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།