༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལམ་སྟོན་ལྟར་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་སྤེལ་གཏོང་ཐབས་ཐད་བགྲོ་གླེང་གནང་ཡོད་པ།

2022.02.19
Share on WhatsApp
Share on WhatsApp
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལམ་སྟོན་ལྟར་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་སྤེལ་གཏོང་ཐབས་ཐད་བགྲོ་གླེང་གནང་ཡོད་པ། ལ་དྭགས་སེམས་བསྐྱེད་ཤེས་ཡོན་རིག་གཞུང་ཚོགས་པས་གོ་སྒྲིག་འོག་ལ་དྭགས་པའི་ཕྱི་ནང་ཐུན་མོང་བའི་བགྲོ་གླེང་གི་ཚོགས་འདུ་ཆེན་པོ་ཞིག་ཕྱི་ཟླ་ ༢ ཚེས་ ༡༩ དང་ ༢༠ སོ་སོར་ཚོགས་ཡོད་པ།
ལ་དྭགས་སེམས་བསྐྱེད་ཤེས་ཡོན་རིག་གཞུང་ཚོགས་པ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལ་དྭགས་སེམས་བསྐྱེད་ཤེས་ཡོན་རིག་གཞུང་ཚོགས་པས་གོ་སྒྲིག་འོག་ལ་དྭགས་པའི་ཕྱི་ནང་ཐུན་མོང་བའི་བགྲོ་གླེང་གི་ཚོགས་འདུ་ཆེན་པོ་ཞིག་ཕྱི་ཟླ་ ༢ ཚེས་ ༡༩ དང་ ༢༠ སོ་སོར་ཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགོངས་ལམ་སྟོན་མཛད་བཞིན་པ་ལྟར། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་སྤེལ་གཏོང་ཐབས་དང་། སྒོས་སུ་ལ་དྭགས་ནང་ཐུན་མོང་གི་རིག་གཞུང་སྐད་ཡིག་གཅིག་ཡོད་པ་སྦོ་ཊི་འདི་མི་ཉམས་བརྒྱུད་འཛིན་གནང་ཕྱོགས་དང་འདིར་དབུས་དང་ས་གནས་གཞུང་གིས་གཞུང་སྐད་ཅིག་ཏུ་ངོས་འཛིན་ཐོབ་པར་འགག་རྩ་གང་དུ་ཐུགས་མིན་བཅས་ཀྱི་སྐོར་སེམས་བསྐྱེད་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་བཟང་པོ་ལགས་དང་། ལ་དྭགས་ཀྱི་སྐད་ཡིག་ཐད་ཉམས་ཞིབ་གནང་མཁན་འབུམ་རམས་པའི་སློབ་མ་ཚེ་དབང་རྒྱལ་མཚན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎