བོད་ཡིག་གི་ཡིག་ཚགས་རྣམས་རྩིས་འཁོར་རམ་ཀམ་པུར་ཀྲར་ནས་འཚོལ་རྙེད་ཐུབ་པའི་མཉེན་ཆས།


2020-09-23
Share
བོད་ཡིག་གི་ཡིག་ཚགས་རྣམས་རྩིས་འཁོར་རམ་ཀམ་པུར་ཀྲར་ནས་འཚོལ་རྙེད་ཐུབ་པའི་མཉེན་ཆས། བོད་ཀྱི་དཔེ་མཛོད་ཁང་ཚོར་དེང་རབས་དང་མཐུན་པའི་དཔེ་མཛོད་ཀྱི་ལས་དོན་བྱེད་ཕྱོགས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པ།
སྨོན་ལམ།

༄༅།།ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། རྒྱ་གར་དུ་ཡོད་པའི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཅན་ཞིབ་འཇུག་པ་ཚོར་བོད་ཀྱི་དཔེ་མཛོད་ཁང་ཁག་ཏུ་ཡོད་པའི་བོད་ཡིག་གི་ཡིག་ཚགས་རྣམས་ཀམ་པུར་ཀྲར་ནས་འཚོལ་རྙེད་དང་བལྟ་ཀློག་ཐུབ་པའི་མཉེན་ཆས་ཤིག་བཟོ་སྐྲུན་གནང་བ་དེ་ནི་བོད་པའི་སྤྱི་ཚོགས་ནང་གསར་གཏོད་རང་བཞིན་དང་མཉེན་ཆས་རིན་མེད་དུ་མཁོ་སྤྲོད་གནང་སྟེ་བོད་ཀྱི་དཔེ་མཛོད་ཁང་ཚོར་དེང་རབས་དང་མཐུན་པའི་དཔེ་མཛོད་ཀྱི་ལས་དོན་བྱེད་ཕྱོགས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།

གསར་འགོད་པ་གཡུ་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།