མི་རིགས་གཅིག་གནས་ཐུབ་མིན་སྐད་ཡིག་དང་རིག་གཞུང་ལ་ཐུགས་ཡོད།
2024.11.30
མི་རིགས་གཅིག་གནས་ཐུབ་མིན་རང་གི་སྐད་ཡིག་དང་རིག་གཞུང་བདག་གཅེས་སྲུང་སྐྱོང་ཐུབ་མིན་ལ་རགས་ལུས་ཡོད་པ་རིག་གནས་མཁས་པ་ཚོས་བརྗོད་བཞིན་ཡོད་ཅིང་། བོད་ནང་མཚོན་ན་རྒྱ་ནག་གཞུང་གིས་བོད་པའི་སྐད་ཡིག་སློབ་འཁྲིད་བྱེད་སའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་གྲྭ་ཁག་དང་དགོན་པ་ཁག་ནས་ལོ་ ༡༨ མན་གྱི་བུ་ཕྲུག་ཚོར་རྒྱ་ཡིག་ཐོག་བསླབ་གཞི་རྣམས་སློབ་འཁྲིད་བྱེད་བཞིན་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཏཱ་ལའི་བླ་མའི་མཐོ་སློབ་ནང་བོད་ཀྱི་སྐད་ཡིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བ་སྒྲོལ་མ་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།