བོད་ནང་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པ།

2022.09.24
Share on WhatsApp
Share on WhatsApp
བོད་ནང་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པ། བོད་ནང་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པ་དང་མང་ཚོགས་ཁྲོད་དཀའ་ངལ་འདྲ་མིན་འཕྲད་བཞིན་ཡོད་པ།
བོད་ནས་འབྱོར་བ།

བོད་ནང་འདས་པའི་ཉིན་གྲངས་ ༤༠ ལྷག་གི་རིང་ཀོ་ཝིཌ་ ༡༩ ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་སོང་སྟེ། མང་ཚོགས་ཁྲོད་ནས་རྒྱ་ནག་ས་གནས་གཞུང་གིས་ནད་ཡམས་རྩ་མེད་བཟོ་བའི་སྲིད་བྱུས་འདི་ཚུལ་བཞིན་འཛིན་སྐྱོང་ཡག་པོ་བྱེད་མེད་པའི་ཚོར་སྣང་བརྗོད་བཞིན་ཡོད་ལ། ལྷག་པར་ནད་མནར་མང་ཚོགས་ལ་ཞལ་ལག་མཐེུན་སྐྱོ་པོ་ཡོད་པ་དང་། ནད་རྟགས་ཡོད་མེད་ཀྱི་ནད་པ་མཉམ་འཇོག་བྱས་པ། རྒྱང་སྐྱེད་ཀྱི་ལས་དོན་ཚུལ་བཞིན་ལག་བསྟར་བྱེད་ཀྱི་མེད་པ་བོད་ནང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱེད་མཁན་བྱུང་ཡོད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་གསོ་རིག་སྨན་པ་ད་ལྟ་ཨ་རིའི་ཝིསཀོན་སིན་མངའ་སྡེའི་མེ་ཌི་སན་གཙུག་ལག་སློབ་ཆེན་གྱི་ལས་བྱེད་བདག་གཉེར་ཚན་པའི་སྐད་ཡིག་དང་རིག་གཞུང་སྡེ་ཚན་གྱི་ལས་བྱེད་པ་སྨན་རམས་པ་གཡང་འབུམ་རྒྱལ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎