བོད་ནང་གི་བོད་ཕྲུག་ཚོར་རྒྱའི་སྤྱི་སྐད་ཐོག་སློབ་ཁྲིད་བྱེད་པའི་སྲིད་བྱུས།
2023.02.07
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྱབ་ཁོངས་གྲངས་ཉུང་མི་རིགས་ཀྱི་ཁྱད་ལས་རྟོག་ཞིབ་པ་ Fernand De Varennes ལགས་ཀྱིས་བོད་ནང་གི་བོད་ཕྲུག་ཚོར་རང་གི་སྐད་ཡིག་ནང་སློབ་ཁྲིད་མ་བྱེད་པར་རྒྱའི་སྤྱི་སྐད་ཐོག་སློབ་ཁྲིད་བྱེད་པ་ནི། བོད་མི་རིགས་དང་བོད་ཕྲུག་ཚོར་གནོད་འཚབ་ཆེ་བའི་རྒྱ་ནག་གཞུང་གི་སྲིད་བྱུས་ཤིག་དང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བའི་འཆར་གཞི་ལྡན་པའི་སྲིད་བྱུས་ལག་བསྟར་བྱེད་པ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲི་དྭང་ལེན་གནང་སྟེ་གསུང་བྱུང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།