རྒྱ་ནག་ལ་འཛམ་གླིང་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད།


2020-08-08
Share
རྒྱ་ནག་ལ་འཛམ་གླིང་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད། ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་ནས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་ཆེས་བྱེད་ཀྱི་མེད་པའི་རྣམ་པ་མངོན་རྒྱུ་ཡོད་པ།
ཨེ་ཨེཕ་པི།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་ཕྱི་གྱར་བྱུང་དྭོགས་ཀྱིས་ལྟ་བཤེར་བྱེད་མི་བཅུག་པའི་གནད་དོན་ཐོག་ནས་རྒྱ་ནག་ལ་འཛམ་གླིང་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅིང་།  ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་ཨོས་ཀྲེ་ལི་ཡའི་ཕྱོགས་ནས་རྒྱ་ནག་ཐོག་ལ་ཚོང་དོན་གྱི་འབྲེལ་ལམ་ཤུགས་ཆེ་ཡོད་ཀྱང་།  དམག་དོན་དང་ཆབ་སྲིད་བཅས་ཀྱི་ཐོག་ནས་རྒྱ་ནག་ལ་ཡིད་ཆེས་བྱེད་ཀྱི་མེད་པའི་རྣམ་པ་མངོན་རྒྱུ་ཡོད་པ་རེད།  དེ་རིང་གི་ལས་རིམ་འདིའི་ནང་ཨོས་ཀྲེ་ལི་ཡའི་སྦརིས་སྦེན་ནང་གནས་བཞུགས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་ཨོས་ཀྲེ་ལི་ཡ་དང་རྒྱ་ནག་དབར་གྱི་འབྲེལ་བ་དང་འདིས་བོད་དོན་ཐོག་ལ་ཤུགས་རྐྱེན་ཞེས་པའི་གླེང་གཞིའི་ཐོག་གླེང་མོལ་ཞུས་པར་གསན་རོགས་ཞུ།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎