ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གིས་གྲོས་ཚོགས་ནང་དུ་ཁྲིམས་འཆར་ཞིག་བཏོན་པ།


2020.06.03
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པ་རེ་གྲོས་ཚོགས་ནང་དུ་ཁྲིམས་འཆར་ཞིག་བཏོན་པ། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འཆར་ཞིག་བཏོན་པའི་གནས་ཚུལ།
ངོ་དེབ།

༄༅།།ཐེངས་འདིའི་ཁ་བའི་གྲོས་རྭའི་ལེ་ཚན་གྱི་ནང་དུ་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པ་རེ་(Scott Perry) ཡིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འཆར་ཞིག་བཏོན་ཡོད་པ་དང་། དེའི་ནང་ཨ་རིའི་སྲིད་འཛིན་ལ་བོད་རང་སྐྱོངས་ལྗོངས་དེ་རྒྱ་ནག་དང་ཐ་དད་ཀྱིས་རང་བཙན་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱེད་པའི་དབང་ཚད་སྤྲོད་རྒྱུ་འཁོད་ཡོད་པས། གནད་དོན་དེ་དང་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས། གྲོས་ཚོགས་འཐུས་མི་ཁོང་གི་ལས་ཁུངས་སུ་འབྲེལ་བ་བྱས་ཏེ། བོད་མི་ཚོས་འཐབ་རྩོད་བྱེད་བཞིན་པའི་བོད་རང་བཙན་གྱི་ས་ཁོངས་སུ་ཆོལ་ཁ་གསུམ་ཆ་ཚང་ཚུད་ཀྱི་ཡོད་སྐོར་སྙན་སེང་ཞུས་པའི་གནད་འགག་གི་སྐོར་ཨ་རིའི་ནིའུ་ཡོ་དང་ནིའུ་ཇར་སི་ས་གནས་གཞོན་ནུ་ཚོགས་གཙོ་ངག་དབང་མཐར་ཕྱིན་ལགས་དང་བོད་དོན་དོན་གཉེར་བ་ཨ་ཉག་ཚེ་བསྟན་ལགས་དང་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་གནང་བ་ཉན་རོགས་ཞུ།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎