ཨ་རི་དང་རྒྱ་ནག རྒྱ་གར་གསུམ་པོའི་འབྲེལ་བ་ཟུར་གསུམ་མའི་འགྱུར་ལྡོག

2021-08-13
Share
ཨ་རི་དང་རྒྱ་ནག རྒྱ་གར་གསུམ་པོའི་འབྲེལ་བ་ཟུར་གསུམ་མའི་འགྱུར་ལྡོག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་མཇལ་བ།
བོད་མིའི་སྒྲིག་འཛུགས།

༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། ཨ་རི་དང་རྒྱ་ནག རྒྱ་གར་གསུམ་པོའི་འབྲེལ་བ་ཟུར་གསུམ་མའི་འགྱུར་ལྡོག་གླེང་རྒྱུ་དང་། ཆབས་ཅིག་ཏུ་ཞི་ཅིན་ཕིང་སྔ་གཞུང་ཐེངས་གཉིས་ལ་བོད་ཁུལ་དུ་ཡོང་བ་དེའི་མཚོན་དོན་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ལྡི་ལི༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་དང་ཐུག་པའི་དགེ་མཚན། རྒྱ་གར་གཞུང་གིས་རྒྱ་གར་གྱི་ས་ཐོག་ནས་བོད་དང་ཨ་རིའི་ཆབ་སྲིད་མི་སྣ་གཉིས་ཐུག་འཕྲད་གནང་རྒྱུར་མཐུན་རྐྱེན་བསྐྲུན་པའི་རྒྱུ་མཚན་བཅས་ཀྱི་ཐད་བོད་མི་ཆབ་སྲིད་དཔྱད་བརྗོད་པ་བསམ་འཛིན་ཐོས་བསམ་ལགས་དང་སངས་རྒྱས་སྐྱབས་ལགས་རྣམ་པ་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་བྱས་པ་དང་། ཞོར་ནས་བོད་དོན་གྱི་གོ་སྐབས་སྐོར་ཡང་གླེང་བར་གསན་རོགས།

གསར་འགོད་པ། སྟག་ལྷ་རྒྱལ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།