ཨ་རིའི་ཕྱི་སྲིད་དྲུང་ཆེས་༧གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་ཕྲད་གནང་བ།

2021-07-31
Share
ཨ་རིའི་ཕྱི་སྲིད་དྲུང་ཆེས་༧གོང་ས་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་དང་མཇལ་ཕྲད་གནང་བ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱི་ལྷན་མཇལ་འཕྲད་གནང་བཞིན་པ།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་ཊཝི་ཊར།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉེ་ལམ་ཨ་རིའི་ཕྱི་སྲིད་དྲུང་ཆེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་མཇལ་ཕྲད་གནང་བ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཝེན་ཌི་ཤར་མཎ་ལགས་ཀྱིས་རྒྱ་ནག་རྒྱལ་དོན་འཚམས་གཟིགས་ཐེངས་དང་པོ་གནང་སྐབས་སུ་བོད་དོན་གླེང་མོལ་གནང་ཡོད་པ་རེད། ལས་རིམ་འདིའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཨ་རི་དང་ཡོ་རོབ་ཀྱི་གནད་དོན་ཐོག་ལ་ཉམས་ཞིབ་གནང་མཁན་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།