ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་༢༠༢༠།


2020-10-21
Share
ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་༢༠༢༠། གྲོས་ཚོགས་འོག་མའི་ནང་མང་མོས་གཏན་འབེབས་བྱུང་ཡང་ཨ་རིའི་གྲོས་ཚོགས་གོང་མའི་ནང་གི་ཁྲིམས་འཆར་དེའི་སྐོར་བགྲོ་གླེང་དང་རྒྱབ་སྐྱོར་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད།
བོད་མིའི་སྒྲིག་འཛུགས།

༄༅།།ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་༢༠༢༠ཞེས་པ་དེ་གྲོས་ཚོགས་འོག་མའི་ནང་མང་མོས་གཏན་འབེབས་བྱུང་ཡང་ཨ་རིའི་གྲོས་ཚོགས་གོང་མའི་ནང་གི་ཁྲིམས་འཆར་དེའི་སྐོར་བགྲོ་གླེང་དང་རྒྱབ་སྐྱོར་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་དང་།ལོ་འདི་མ་རྫོགས་སྔོན་ཁྲིམས་འཆར་དེ་གཏན་འབེབས་བྱེད་ཐུབ་མིན་སོགས་ཀྱི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་འཆར་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་བཅའ་འདྲི་བྱེད་པའི་ལེ་ཚན་དུམ་བུ་དང་པོ་དང་།ཡང་དེ་དང་འབྲེལ་ལེ་ཚན་དུམ་བུ་གཉིས་པའི་ནང་ཉེ་ལམ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་བསྐོ་གཞག་གནང་བ་དེའི་ཨ་རིའི་གཞུང་གིས་བོད་དོན་ཐོག་དོན་དམ་པའི་བརྡ་ལེན་གང་འདྲ་ཞིག་སྤྲོད་ཀྱི་ཡོད་པའི་སྐོར་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་ཚེ་རིང་ལགས་དང་།བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་བྱས་པར་ཉན་རོགས་ཞུ།།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎