རྒྱ་ནག་གི་པན་ཆེན།

རྒྱ་ནག་གི་པན་ཆེན་བླ་བྲང་དགོན་པར་ཕེབས་སྐབས་མང་ཚོཊ་ནས་དགའ་བསུ་ཞུ་དགོས་པའི་སློབ་གསོ་སྤྲད་པ།

2011.07.29
རྒྱ་ནག་གི་པན་ཆེན། ཨ་མདོ་བླ་བྲང་དགོན་པའི་འདྲ་པར།
ཕི་ལི་ཀར།
གསར་འགྱུར་ལ་གསན་རོགས།

༄༅༎ཉེ་ཆར་ཕྱི་ལོག་ནས་རྒྱ་ནག་གིས་འདེམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་མདོ་སྨད་བླ་བྲང་དགོན་པར་ཕེབས་ནས་ཡུན་རིང་བཞུགས་རྩིས་ཀྱི་གནས་ཚུལ་ཞིག་བརྗོད་བཞིན་ལ།ཚེས་༢༨ཉིན་འདི་ག་རླུང་འཕྲིན་ཁང་ལ་བླ་བྲང་ས་ཁུལ་གྱི་བོད་མི་ཞིག་གིས་གནས་ཚུལ་འགྲེལ་བརྗོད་གནང་དོན། གནས་ཚུལ་དེ་བདེན་པ་རེད། དེང་ཐོག་ཟླ་བ་འདིའི་ཚེས་ཉི་ཤུ་རྩ་གྲངས་ནང་ཕེབས་རྩིས་བྱས་ཏེ་། གཞུང་ཕྱོགས་ནས་བླ་བྲང་ས་ཁུལ་དུ་མང་ཚོགས་ལ་དགའ་བསུ་གཟབ་རྒྱས་བྱེད་དགོས་པའི་སློབ་གསོ་དང་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བསང་ཆུ་རྫོང་གི་ལས་ཁུངས་སོ་སོའི་ནང་བོད་རིགས་ལས་བྱེད་ཚོས་ཉིན་དེར་བོད་ལྭ་གྱོན་ཏེ་ཁ་བཏགས་བཟུང་ནས་དགའ་བསུའི་རྣམ་འགྱུར་ཡག་པོ་སྟོན་དགོས་པ་དང་། ཕྱག་འཚལ་དགོས་པ་སོགས་ཀྱི་བཀའ་གཏོང་གི་ཡོད་ལ། ལས་བྱེད་ཁྲོད་མང་པོ་ཞིག་གིས་སྐབས་དེར་དགོངས་པ་ཞུས་ཏེ་ལས་ཀར་ཡོང་འདོད་མེད་པས་རྣམ་འགྱུར་བསྟན་པས། འབྲེལ་ཡོད་ཕྱོགས་ནས་གལ་སྲིད་སྐབས་དེར་ཕེབས་བསུ་མ་བྱས་ན། ཟླ་ཕོགས་ཕྱེད་ཀ་གཅོག་རྒྱུ་དང་། ལས་ཁུངས་ནས་ཕྱིར་འཕུད་བྱེད་རྒྱུ་སོགས་ཀྱི་ཉེན་བརྡ་ཤུགས་ཆེན་གཏོང་གི་ཡོད་ཟེར། དེ་བཞིན་བླ་བྲང་དགོན་པའི་དགེ་འདུན་པ་རྣམས་དང་མང་ཚོགས་ནང་དུའང་མི་དགའ་བའི་རྣམ་འགྱུར་འདྲ་མིན་ཡོང་གི་ཡོད་པ་དང་། བདེ་འཇགས་ཐད་ཡིན་ན་གང་ལྟར་ཟླ་བ་འདིའི་ནང་དུས་ཚོད་ཕྱིར་འགྱངས་ཀྱིས་གྲགས་འགུལ་མེད་པར་གྱུར་སོང་། ད་ལྟ་གྲ་སྒྲིག་བྱེད་ཀྱི་མི་འདུག ཡིན་ནའང་སྤྱི་ཟླ་བརྒྱད་པའམ་དགུ་བའི་ནང་ཕེབས་རྩིས་ཀྱི་གླེང་སློང་ཡོང་གི་འདུག་ཀྱང་གསལ་པོ་ཤེས་ཀྱི་མེད་ཟེར། ཡང་གནས་ཚུལ་ཡོང་ཁུངས་ནས་མུ་མཐུད་དུ་གསུང་དོན། སྤྱི་ཟླ་བདུན་པའི་ཚེས་འགོར་གྲ་སྒྲིག་བྱེད་སྐབས་།བླ་བྲང་ནས་ཟླ་བ་གཅིག་གཉིས་སམ་དུས་ཡུན་གང་འཚམ་ལ་བཞུགས་རྒྱུའི་འཆར་གཞི་ཡོད་ཚུལ་་དང་། དེ་མིན་ཁོང་གི་ཡོངས་འཛིན་འཇམ་དབྱངས་རྒྱ་མཚོ་ལགས་ཀྱི་ཕ་ཡུལ་ཁོ་ཚེ་ས་ཁུལ་དུ་ཕེབས་འཆར་དང་།ཀླུ་ཆུའི་བྱེས་ཚང་དགོན་པ་དང་རྨ་ཆུའི་ས་ཁུལ་ཁག་ཅིག་སོགས་ལ་ཕེབས་ཆེད་གྲ་སྒྲིག་བྱེད་བཞིན་ཡོད་པ་ཞིག་གོ་ཐོས་བྱུང་། གང་ལྟར་དེ་དག་ཐད་མང་ཚོགས་ཀྱིས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་ཡོང་གི་ཡོད་པས་། ད་ལྟ་ཁི་སུམ་མེར་གྲགས་འགུལ་མེད་པར་གྱུར་ཡོད་ཟེར།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎