ཁྲིམས་ལུགས་སློབ་གསོའི་ལས་རིམ།
2013.04.02
བཙན་བྱོལ་བོད་མིའི་སྒྲིག་འཛུགས།
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྒྱ་གར་ཤར་ཕྱོགས་རྡི་རྗེ་གླིང་སོགས་བོད་མིའི་གནས་སྡོད་ཁག་གི་ནང་དུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་ཡིག་གི་དོན་ཚན་ཁག་གི་ནང་དོན་གཙོ་བོ་ཁྲིམས་ཡིག་གི་ཁྱབ་ཚད། ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཁྲིམས་ཞིབ་ཁང་འོག་མ་ཁག་གི་ངོ་བོ་དང༌། གྲུབ་ཆ། འགན་དབང༌། ཁྲིམས་ཁོངས་ཁྱབ་ཚད། ཁྲིམས་ཞིབ་པའི་ཐོབ་ཐང༌། འཛིན་སྐྱོང། གཏུག་བཤེར་བྱ་རིམ། སྣ་ཚོགས། ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཆ་རྐྱེན་བཅས་ཀྱི་གནད་དོན་ཞིབ་ཕྲ་འཁོད་ཡོད་པའི་ནང་དོན་ངོ་སྤྲོད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎