རྩོམ་པ་པོ་འགར་རྩེ་འཇིཌ་མེད༌།

མགར་རྩེ་དགོན་པ་ནས་འཛིན་བཟུང་བྱས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ནང་བཙོན་འཇུག་བྱེད་མུས།

2013.01.09
མགར་རྩེ་འགོན་པ་ནས་འཛིན་བཟུང་བྱས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ནང་བཙོན་འཇུག་བྱེད་མུས།
ཀུན་བཟང་བསྟན་འཛིན།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མོན་གྷོ་འདོད་རྒུ་གླིང་ཁུལ་གྱི་གསར་འགོད་ཀུན་བཟན་བསྟན་འཛིན་ལགས་ཀྱིས་གནས་ཚུལ་སྤེལ་དོན།
༄༅༎ཕྱི་ལོ་༢༠༡༣ཟླ་༡ཚེས་༡ཧོར་ཟླ་༡༡པའི་ཚེས༡༩ཉིན་གྱི་ཕྱི་དྲོ་ཆུ་ཚོད་བཞི་ཡས་མས་སུ་ཁོང་ཡང་བསྐྱར་རྒྱ་ནག་ཉེན་རྟོག་པས་མགར་རྩེ་འགོན་པ་ནས་འཛིན་བཟུང་བྱས་དེ་ད་ཆར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་རྒྱ་གཞུང་གིས་བཙོན་འཇུག་བྱེད་མུས་སུ་ཡིན་པ་རེད་འདུག རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ནི་སྐྱེས་ཡུལ་མཚོ་སྔོན་ཞང་ཆེན་རྨ་ལྷོ་ཁུལ་ཐུན་རིན་རྫོང་མགར་རྩེ་ཞང་རྩེ་གཞུང་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་འཚོ་བ་རུ་སྐྱེས་ཤིང་ ཕྱི་ལོ་༡༩༨༨ ལོར་སློབ་ཆུང་དུ་ཞུགས་དེ་དུས་ཡུན་ལོ་གསུམ་ནས་དམའ་འབྲིང་དུ་ཞུགས། ཕྱི་ལོ་༡༩༩༢ ལོར་འགར་རྩེ་དགོན་པའི་ཆོས་སྒར་ཞུགས་ནས་དགོན་པ་དེར་ཁོང་གིས་སུམ་རྟགས་སྙན་ངག་སོགས་ཐ་སྙད་རིག་གནས་ཐམས་ཅད་སྦྱངས་བ་བྱས་༡༩༩༩ནས་གསར་རྩོམ་གྱི་ལས་ལ་ཞུགས་ནས་རྩོམ་རིག་བྱ་དགའ་མི་ཉུང་བ་ཐོབ་ཡོད་ལ་སྐབས་དེར་ཁོང་གི་བརྩམས་ཆོས་ཐོག་མ་ ༼བསམ་གཞིགས་ཉུལ་བའི་ཟིན་ཐོ།༽སྦྱི་ཚོགས་སྟེང་དུ་བཀྲམ་པས་ཀློག་པོ་དག་གིས་དགའ་བསུ་ཐོབ། ད་དུང་ ཚད་མ། ཕར་ཕྱིན་བཅས་ལ་སློབ་གཉེར་བྱས་ཏེ་ཕྱི་ལོ་༢༠༠༣ ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་ལྔ་ལ་སྦྱང་བ་མི་དམན་པ་བྱས།ད་ལྟ་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ཁོང་དགུང་ལོ་སོ་དྲུག་བསླེབས་ཡོད་པ་དང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ཀྱི་འདས་མ་འོངས་ད་ལྟའི་བདེ་སྡུག་གསལ་བར་སྟོན་བྱེད་༼བཙན་པོའི་སྙིང་སྟོབས།༽ཞེས་པའི་དེབ་ཞིག་བཏོན་པ་ནས་རྒྱ་གཞུང་གིས་ཁོང་ལ་འདྲི་གཅོད་དང་དཀའ་ཁག་མི་ཉུང་བ་ཞིག་མྱང་ཡོད་འདུག ཁོང་ནི་རྒྱུན་དུ་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་སྐྱེས་བུ་ཞིག་ཡིན། ཕྱི་ལོ་༢༠༡༠ལོར་བརྩམས་ཆོས་༼ནང་བསྟན་དབྱེ་ཞིབ།༽༼འཇིག་རྟེན་ཚོར་རྟོགས།༽༼བཙུན་པའི་འཚོ་བ།༽བཅས་དེབ་གསུམ་སྔ་མཇུག་ཏུ་སྤྱི་ཚོགས་ཁྲོད་བཀྲམས་ཡོད་འདུག།  ཁོང་ནི་གྲྭ་བཙུན་དག་གི་ཁྲོད་དུ་སྒྲུང་གཏམ་རྩོམ་པ་པོ་གཞན་ལས་ཁྱད་པར་ཏུ་འཕགས་པ་ཞིག་ཡིན་པར་ཐམས་ཅད་ཀྱིས་གླེང་གིན་ཡོད་ལ་ཁོང་གིས་ཉིས་སྟོང་བཅུ་ཡས་མས་སུ་ལོ་འགའི་གྲྭ་རྐྱང་གི་འཚོ་བའི་མཐུན་རྐྱེན་དག་བསགས་ནས་སྒེར་གཉེར་དུས་དེབ་དང་ཚགས་པར་རྩོམ་སྒྲིག་པའི་མཐུན་ཚོགས་བཙུགས་ནས་སྔ་ཕྱིར་ཚོགས་འདུ་ཐེངས་གཉིས་ལ་འཚོགས། སྐབས་དེའི་འགྲོ་སོང་ལ་རྒྱ་སྒོར་ཁྲི་གསུམ་ཡས་མས་སོང་ཡོད་མོད་དེའི་འགྲོ་སོང་ཐམས་ཅད་ཁོང་རང་ཉིད་ཀྱིས་བཏང་། ཕ་ཡུལ་ནས་ཁོང་ལ་སྡོད་ཁང་གསར་རྒྱག་བྱེད་སྤྱད་ཀྱི་མ་དངུལ་བྱིན་པ་ཐམས་ཅད་ཁོང་གིས་བོད་ཀྱི་རིག་གཞུང་གི་ཆེད་དུ་བཏང་རྐྱེན་དེ་དག་ལ་བརྟེན་རྩོམ་པ་པོ་ཁོང་རྒྱུན་དུ་རྒྱ་ནག་ཉེན་རྟོག་པའི་ལྟ་རྟོག་འོག་ཏུ་་གནས་ཡོད་ལ་༢༠༡༢ ལོར་བཙན་པོའི་སྙིང་སྟོབས་ཀྱི་དེབ་ཕྲེང་གཉིས་པ་ལེགས་འགྲུབ་བྱུང་མ་ཐག་ ཕྱི་ལོ་༢༠༡༣ཟླ་༡ཚེས་༡ཧོར་ཟླ་༡༡པའི་ཚེས༡༩ཉིན་གྱི་ཕྱི་དྲོ་ཆུ་ཚོད་བཞི་ཡས་མས་སུ་ཁོང་ཡང་བསྐྱར་རྒྱ་ནག་ཉེན་རྟོག་པས་མགར་རྩེ་འགོན་པ་ནས་འཛིན་བཟུང་བྱས་དེ་ད་ཆར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་རྒྱ་གཞུང་གིས་བཙོན་འཇུག་བྱེད་མུས་སུ་ཡིན་པ་རེད་འདུག གཞན་ཡང་ལོ་སྔོན་མར་གསར་དུ་བཏོན་པའི་བཙན་པོའི་སྙིང་སྟོབས་ཀྱི་དེབ་ཕྲེང་གཉིས་བའི་ནང་བོད་མིའི་རང་ལུས་མེར་སྲེག་དང་བཙན་བྱོལ་གཞུང་༸གོང་ས་མཆོག་དང་ཀུན་གཟིགས་པཎ་ཆེན་ཆོས་བརྒྱུད་བླ་ཆེན་ཁག་བོད་ཀྱི་ཐོབ་ཐང་དང་ཞི་རྒོལ་བོད་ཀྱིས་ཁོར་ཡུག་དང་གྲངས་ཉུང་མི་རིགས་སོགས་དང་པེ་ཅིན་གཞུང་བར་གྱིས་སྐོར་ལ་རེ་རེ་བཞིན་དོན་ཚན་༢༥་རུ་དབྱེ་དེ་རྩོམ་ཡིག་གི་ལམ་ནས་གསལ་འདོན་བྱས་ཡོད་འདུག།  ད་དུང་རྩོམ་པ་པོ་མགར་རྩེ་འཇིག་མེད་ལགས་སྐུ་དངོས་ཀྱིས་འདྲ་པར་ཞིག་ཀྱང་བོད་ནང་འཐད་ཀར་འདི་ག་རླུང་འཕྲིན་ཁང་ལ་འབྱོར་ཡོད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་འདུག  འོན་ཀྱང་རྐྱེན་འདས་གྱུར་བའི་གྲངས་འབོར་དེ་བས་མང་བ་ཡོད་ཉེན་ཆེ་སྐོར་བོད་ནང་ནས་བརྗོད་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎