0:00 / 0:00
༄༅༎ཐེངས་འདིའི་རྒྱལ་ཁམས་མེ་ལོང་ཞེས་པའི་ལེ་ཚན་ནང་དུ། དེང་སྐབས་ཀྱི་ཀན་སུའུ་ཞིང་ཆེན་ཁོངས་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཁ་གྱ་སྟོད་རི་གྱ་ཡུལ་ཚོའི་ས་གནས་ཁག་བཞི་ལྔ་ཞིག་ནས་གསེར་གྱི་གཏེར་ཁ་འབོར་ཆེན་བསྔོག་འདོན་བྱེད་བཞིན་པ་དང༌། དེ་དག་ལས་བྱུང་བའི་འཁྲུག་རྩོད་དང་ནང་ཁུལ་མི་འཆམ་པའི་གནས་ཚུལ་མུ་མཐུད་ནས་བྱུང་བཞིན་པའི་ཐད། ལྕགས་མོ་འཚོས་ས་གནས་བོད་མི་ཞིག་དང་མཉམ་དུ་གླེང་མོལ་ཞུས་པར་གསན་རོགས་ཞུ༎
