རྟ་མགྲིན་ཐར་གི་ཆེད་བསྔོ་སྨོན།
2012.06.21
ཚེ་དབང་རང་བཙན། བོད་ཀྱི་གཞོན་ལྷན།
༄༅༎མདོ་སྨད་གཅན་ཚ་རྫོང་དུ་བོད་རིགས་འབྲོག་པ་རྟ་མགྲིན་ཐར་ལགས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་དང་། རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་ཐུབ་པ་དང་བོད་རྒྱལ་ཁབ་ཀྱི་རང་ས་ཟིན་པའི་ཆེད་དུ་རང་ལུས་མེ་མཆོད་དུ་ཕུལ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་ཁོང་ལ་རྒྱབ་སྐྱོར་དང་རང་ལུས་མེ་མཆོད་དུ་ཕུལ་བར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཕྱི་ཟླ་༦ཚེས་༢༠རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་དང་བཀའ་ཤག་གཉིས་དང་།གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་མར་མེ་ཁྲོམ་སྐོར་དང་བསྔོ་སྨོན་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎