༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་དང་རྒྱ་ནག་གི་ཐེ་བྱུས།
རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་པ་ Barry Sautman གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐད་ལ་བསམ་ཚུལ་བཤད་པ་འདི་ནི། རྒྱ་ནག་གཞུང་གི་འདོད་ཚུལ་བསྐྱར་ཟློས་བྱས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་གསུངས་བྱུང་། སློབ་དཔོན་སྦེ་རི། སོཊ་མན་ལགས་ཀྱིས་ད་དུང་། བོད་ནང་དུ་གཏན་འཇགས་སློབ་གྲྭར་བོད་ཕྲུག་ཚོར་གཟའ་འཁོར་གཅིག་ལ་ཆུ་ཚོད་ ༥ ཙམ་གྱི་བོད་ཡིག་སློབ་འཁྲིད་བྱེད་ཀྱི་ཡོད་པ་འདི་བོད་ཀྱི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཡོད་པའི་རྣམ་པར་འགྲེལ་བརྗོད་བྱས་པར་གནད་དོན་དབྱེ་ཞིབ་པ་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། གཤམ་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་སུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།