ཨ་རིའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པས་༧སྐུའི་འཁྲུངས་སྐར་མཛད་སྒོར་དབུ་བཞུགས་གནང་པ།

ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་མཆོག་གིས་དབུ་ཞུགས་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་༧སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་གནང་སོང་།

ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་མཆོག་གིས་དབུ་ཞུགས་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་༧སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་གནང་སོང་།

༧སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་སྐབས་ཨ་རིའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པ་དང་ལྷན་བྱང་ཨ་རིའི་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་དང་འཛིན་སྐྱོང་འགན་འཛིན་བཅས་དང་ལྷན། ༢༠༢༦།༠༧།༠༩
༧སྐུའི་འཁྲུངས་སྐར་གྱི་རྟེན་འབྱུང་མངར་ཟས་ལ་རོལ་བཞིན་པའི་སྐབས། ༧སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་སྐབས་ཨ་རིའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པ་དང་ལྷན་བྱང་ཨ་རིའི་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་དང་འཛིན་སྐྱོང་འགན་འཛིན་བཅས་དང་ལྷན། ༢༠༢༦།༠༧།༠༩ (RFA Tibetan)

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༩ དགོང་དྲོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པའི་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་མཆོག་ཆེད་ཕེབས་ཀྱིས་ཁོང་གིས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་ལས་འཁུར་ཐོག་བོད་པའི་སྤྱི་མང་ལ་ཞབས་འདེགས་ཞུ་རྒྱུ་འདི་ནི་ཆེ་མཐོང་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་གོ་སྐབས་དང་པོ་དེ་ཐོབ་སྐབས་སུ་དེ་དུས་ཀྱི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་སེམ་སྦརའོན་སྦེག་དང་ལྷན་བཅར་ཞུས་ཏེ་རྡ་རམ་ས་ལར་ཆེད་བཅར་ཞུ་རྒྱུ་བྱུང་པ་དང་། སྐབས་དེར་དོ་སྣང་ཆེ་ཤོས་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་སྙིང་རྗེ་དང་། ཐུགས་བརྩེ་ཆེན་པོ། ཞལ་ཤོབ་རེད། དེ་བཞིན་ང་ཚོར་སྣེ་ལེན་ཧ་ཅང་ཡག་པོ་གནང་བྱུང་། དེ་རིང་ཆར་ཞོལ་གྱི་གནམ་གཤིས་འདིའི་ཁྲོད་འཁྲུངས་སྐར་གྱི་མཛད་སྒོར་བཅར་རྒྱུ་བྱུང་པར་ངོས་རང་སྤྱི་ཚོགས་འདི་གའི་ཁོངས་སུ་ཚུད་ཡོད་པའི་ཚོར་སྣང་ཞིག་བྱུང་ཞེས་གསུངས་སོང་། འཁྲུངས་སྐར་གྱི་མཛད་སྒོ་འདི་ནི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་གནང་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱབ་སྐྱོར་ཞུས་པ་ཞིག་རེད་འདུག

ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་ཀྱིས་བོད་ཀྱི་ས་ཁྲར་གཟིགས་ཞིབ་གནང་བཞིན་པ། ༢༠༢༦།༠༧།༠༩
བོད་དོན་དམིགས་བསལ་སྐུ་ཚབ་ཀྱིས་བོད་ཀྱི་ས་ཁྲར་གཟིཊ་བཞིན་པ། ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་ཀྱིས་བོད་ཀྱི་ས་ཁྲར་གཟིགས་ཞིབ་གནང་བཞིན་པ། ༢༠༢༦།༠༧།༠༩ (RFA Tibetan)

སྐུ་ཚབ་དོན་གཅོད་རྣམ་རྒྱས་ཆོས་གྲུབ་ལགས་ཀྱིས་མཛད་སྒོའི་ཐོག་ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱེད་པ་དང་། ཉིན་གཅིག་གི་རྗེས་ཏེ་ཕྱི་ཚེས་ ༢ ནིའུ་ཡོག་ཏུ་བཅའ་བཞུགས་བོད་མི་ལས་འགུལ་བ་བློ་དགའ་རང་བཙན་ལགས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་མདུན་དུ་འཚེ་མེད་ཞི་བའི་ཐོག་ནས་རང་ལུས་མེར་བསྲེགས་གནང་སྟེ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་དུ་བོད་མི་ཉུང་མཐར་ ༡༥༧ ལྷག་གི་རང་ལུས་མེར་བསྲེགས་གནང་ནས་རྒྱ་ནག་གི་འགོག་གནོན་ཐད་རྒྱལ་སྤྱིའི་དོ་སྣང་སྒུག་ཐབས་བྱས་ཡོད་པ་རེད་ཅེས་ཀྱང་གསུངས་སོང་། དོན་གཅོད་མཆོག་གིས་ད་དུང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་ཅིང་། འཛམ་གླིང་སྤྱི་ལ་མིའི་བཟང་སྤྱོད་དང་། ཆོས་ལུགས་མཐུན་སྒྲིལ་གྱི་ཐོག་ལ་རླབས་ཆེན་གྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པས། ༧གང་ཉིད་ཀྱི་འཛམ་གླིང་སྤྱི་ལ་ཕན་པའི་དགོངས་གཞི་དར་སྤེལ་མུ་མཐུད་ཡོང་སླད་༧གང་ཉིད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་གནང་སོང་།

ཨ་རིའི་བོད་དོན་ཆེད་དམིཊ་བསལ་སྐུ་ཚབ་རི་ལེ་སྦརནསི་མཆོག་འཁྲུངས་སྐར་གྱི་མཛད་སྒོར་ཆེད་ཕེབས་གནང་པ། ༢༠༢༦།༧།༩
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད། ཨ་རིའི་བོད་དོན་ཆེད་དམིཊ་བསལ་སྐུ་ཚབ་རི་ལེ་སྦརནསི་མཆོག་འཁྲུངས་སྐར་གྱི་མཛད་སྒོར་ཆེད་ཕེབས་གནང་པ། ༢༠༢༦།༧།༩ (RFA Tibetan)

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་དགོངས་གཞི་ཁག་ངོ་སྤྲོད་ཞུས་སོང་། མཛད་སྒོའི་ཐོག་ཨ་རིའི་རྒྱལ་སའི་ཉི་ཁུལ་གྱི་ཨ་རིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ། ས་གནས་མི་མང་བཅས་ཀྱིས་ཆེད་བཅར་ཞུས་གནང་ཡོད་པ་རེད།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།