འཛམ་གླིང་ནང་བུད་མེད་དབུ་ཁྲིད་མང་ཙམ་དགོས་རྒྱུ་གལ་ཆེན་ཡིན།


2017.02.10
༧གོང་ས་མཆོག་ཐེངས་དང་པོའི་རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས། ༢༠༡༧།༢།༡༠ ༧གོང་ས་མཆོག་ཐེངས་དང་པོའི་རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས། ༢༠༡༧།༢།༡༠
tibet.net

༧གོང་ས་ཆེན་པོ་མཆོག་གིས་འཛམ་གླིང་ནང་གཏན་ལྷིང་ཡོང་རྒྱུར་བུད་མེད་དབུ་ཁྲིད་མང་ཙམ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བཀའ་གནང་ཡོད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་གཉིས་པའི་ཚེས་༡༠་རེས་གཟའ་པ་སངས་ཉིན་རྒྱ་གར་ལྷོ་ཕྱོགས་ཨན་རྡ་ར་མངའ་སྡེའི་གྲོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རྒྱལ་ཡོངས་བུད་མེད་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་སུ་ཆིབས་བསྒྱུར་གྱིས་གསུང་བཤད་སྩལ་གནང་མཛད་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་བཏང་བུད་མེད་ཚོར་གཞན་གྱི་བདེ་སྡུག་ལ་ཚོར་སྣང་ཤུགས་ཆེ་བ་ཡོད་པ་ནི་ཚན་རིག་པ་ཚོས་ཀྱང་འགྲེལ་བཤད་རྒྱབ་ཀྱི་ཡོད་རེད། འཛམ་གླིང་འདིའི་ནང་རྒྱལ་ཁབ་༢༠༠་ཙམ་ཡོད་པའི་ནང་བུད་མེད་ཀྱི་དབུ་འཁྲིད་མང་ཙམ་སླེབས་ཐུབ་པ་ཡིན་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལའང་ཕན་ཐོག་ཆེ་བ་ཡོང་གི་རེད། དེ་འདྲ་ཡིན་དུས་དུས་རབས་ཉེར་གཅིག་པ་འདི་བཞིན་ཞི་བདེ་དང་ལྡན་པའི་དུས་རབས་ཞིག་བཟོ་ཐབས་སུ། གཞན་ཕན་དང་བྱམས་བརྩེའི་བློ་སེམས་ཡོད་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་རེད་ལ་བུད་མེད་ཚོར་རང་བཞིན་ལྷན་སྐྱེས་སུ་བྱམས་བརྩེའི་ནུས་པ་ཆེ་བ་ཡོད་པར་བརྟེན་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་སུ་བུད་མེད་ཚོས་འགན་འཁུར་མང་ཙམ་ལེན་ཐུབ་པ་གནང་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་གནང་འདུག
ཡང་གོང་ཞུས་ལྷན་ཚོགས་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་ཀྱང་ཐོག་མའི་བྱམས་བརྩེའི་སློབ་གསོ་གནང་མཁན་ནི་རྒྱལ་ཡུམ་ཆེན་མོ་ཡིན་པ་བཀའ་གནང་ཞིང་། མི་བཟང་ངན་གང་འདྲ་ཞིག་ཆགས་མིན་ནི་ཚང་ལོངས་བྱ་སའི་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་བྱམས་བརྩེ་ཡོད་མེད་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད།
ད་རེས་ལྷན་ཚོགས་འདི་བཞིན་མངའ་སྡེའི་གྲོས་ཚོགས་ནས་བུད་མེད་ཀྱི་ནུས་སྟོབས་དང་མང་གཙོ་གོང་འཕེལ་གཏོང་ཐབས་སུ་དམིགས་པ་ཞིག་ཡིན་པ་དང་། དབུ་འབྱེད་མཛད་སྒོའི་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། དབུས་གཞུང་གི་བློན་ཆེན་ཁག དེ་བཞིན་གནད་ཡོད་མི་སྣ་མང་པོ་ཞིག་ནས་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎