བོད་རང་བཙན་འཐབ་རྩོད་པ་གྲཊ་ཅན་ལྷ་བཟང་ཚེ་རིང་ལཊ་དགུང་ལོ་ ༧༤ ཐོག་རྡ་སར་དགོངས་པ་རྫོཊ་འདུག

ཁོང་ནི་བོད་མིའི་བཙན་བྱོལ་སྤྱི་ཚོཊ་ནང་དུ་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་ངོས་འཛིན་ཆེན་པོ་ཞུ་ཡུལ་ཞིག་ཡིན་པ་རེད།

བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་གྲགས་ཅན་ལྷ་བཟང་ཚེ་རིང་ལགས་དགུང་ལོ་ ༧༤ ཐོག་རྡ་རམ་ས་ལར་དགོངས་པ་རྫོགས་འདུག

བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་བ་དང་། རྩོམ་པ་པོ་གྲགས་ཅན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར་ལྷ་བཟང་ཚེ་རིང་ལགས་དགུང་ལོ་ ༧༤ སྟེང་བཞུགས་སྒར་རྡ་རམ་ས་ལར་དགོངས་པ་རྫོགས་འདུག

ལྷ་བཟང་ཚེ་རིང་ལགས་ཕྱི་ལོ་ ༡༩༥༢ ལོར་བོད་ནང་སྐྱེས་ཤིང་། ཕ་མའི་མཉམ་རྒྱ་གར་བཙན་བྱོལ་དུ་འབྱོར་རྗེས་རྒྱ་གར་དུ་སློབ་གཉེར་གནང་པ་དང་། ཨ་རིར་གསོ་རིག་སྨན་གྱི་རིག་གནས་ཐོག་ལ་སློབ་གཉེར་གྱི་གོ་སྐབས་ཐོབ་པ་དེ་མ་བླངས་པར། ཕྱི་ལོ་ ༡༩༧༡ ནས་ ༡༩༧༣ བར་རྒྱ་ནག་གི་དྲག་པོའི་བཙན་འཛུལ་ལ་འཐབ་རྒོལ་བྱེད་མཁན་གློ་སྨོན་ཐང་དུ་བོད་མི་འཇབ་དམག་ཁོངས་འཛུལ་ཞུགས་ཀྱིས་རྒོལ་འཛིང་བྱས་ཡོད་ཅིང་། དེའི་རྗེས་དྲན་དུ་ཉེ་ལམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་བསྟོད་ཀྱི་རྟགས་མ་བཞེས་པ་ཡང་བྱུང་ཡོད་ལ། ཕྱི་ཟླ་ ༤ ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད།

༡༩༨༦ ནས་ ༡༩༩༠ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་ཞིང་། དབུས་བོད་མིའི་སྒྲིག་འཛུཊ་ནང་ཕྱག་ལས་གནང་མྱོང་ཡོད་པ་རེད།

བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། རྒན་ལྷ་བཟང་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༨༧ ནས་ ༨༩ བར་ལོ་གསུམ་རིང་བོད་ནང་གཞི་རྒྱ་ཆེ་བའི་ཞི་བའི་སྒེར་ལངས་བྱུང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་ཡོད་ཅིང་། བོད་མིའི་ཆབ་སྲིད་ལས་འགུལ་ལ་འགོ་ཁྲིད་གནང་མཁན་གལ་ཆེན་ཞིག་རེད་ཅེས་དང་། རྒན་ལགས་ཀྱིས་ལས་འགུལ་རེ་རེ་འཆར་འགོད་གནང་སྟངས་དེ་ཤུགས་ཆེན་པོ་དང་གཟབ་ནན་ཡོད་པ་ཞིག་ལ། ཁོང་གིས་རྟག་ཏུ་“ཐབས་ཇུས་ཀྱི་དམིགས་ཡུལ་གསལ་པོ་དགོས་ཤིང་ལག་ལེན་ཐོག་གུ་ཡངས་ཀྱི་བྱ་ཐབས་འཛིན་དགོས་”ཞེས་དང་། ཁོང་ནི་ཤུགས་རྐྱེན་ལྡན་པའི་བསམ་བློ་གཏིང་ཟབ་དང་། རང་གཤིས་ལྷག་བསམ་ཅན། གནས་ཚུལ་རྣམས་ཐད་ཀར་གཤོད་མཁན། རང་དབང་གི་བསམ་བློ་འགྱུར་མེད་ཅིག་ཡོད་པར་མི་མང་གིས་རྟག་ཏུ་རྗེས་དྲན་ཞུ་གི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བརྩོན་འགྲུས་ལགས་ཀྱིས་མུ་མཐུད། ཁོང་གི་འགོ་ཁྲིད་འོག་བོད་མིའི་ཆབ་སྲིད་ལས་འགུལ་གྱི་འབོད་སྒྲ་དང་ཁ་ཕྱོགས་གཉིས་ཀ་གསལ་པོར་གྲུབ་ཡོད་ལ། བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་ནི་མང་ཚོགས་ཀྱིས་དབང་ཆ་བསྐུར་གནང་བའི་བཙན་བྱོལ་བོད་གཞུང་ (དབུས་བོད་མིའི་སྒྲིག་འཛུགས་) དང་མཉམ་དུ་བོད་དོན་ཆེད་ཕྱག་ལས་གནང་ཡོད་ཅེས་གསུངས་བྱུང་།

བོད་རང་བཙན་འཐབ་རྩོད་པ་གྲཊ་ཅན་ལྷ་བཟང་ཚེ་རིང་ལགས་དགུང་ལོ་ ༧༤ ཐོག་རྡ་རམ་ས་ལར་དགོངས་པ་རྫོགས་འདུག ཕྱི་ལོ་ ༡༩༨༦ ནས་ ༡༩༩༠ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་ཡོད་པ་རེད།

ཁོང་ལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་དོན་ལས་འགུལ་གྱི་རྣམ་པ་དང་། ཤེས་ཡོན་དང་། རྩོམ་རིག བོད་མི་རིགས་དང་རྒྱལ་ཁབ་ཀྱི་ལར་ཞེན་གྱི་ངོ་བོ་མཚོན་པའི་ཆེ་མཐོང་ཞིག་བསྐྲུན་ཡོད་པ་མ་ཟད། ཁོང་གི་འགོ་ཁྲིད་དང་ཕྱག་ལས་གནང་ཕྱོགས་ཀྱིས་ཤུགས་རྐྱེན་འོག་བཙན་བྱོལ་བོད་མིའི་སྤྱི་ཚོཊ་ཁྲོད་བསྟན་འཛིན་བརྩོན་འགྲུས་ལགས་ལྟ་བུའི་ལས་འགུལ་བ་དང་རྩོམ་པ་པོ་མང་དག་ཅིག་བྱུང་བཞིན་ཡོད་པ་རེད།

ལྷ་བཟང་ཚེ་རིང་ལགས་ཀྱིས། ལོ་རབས་ ༩༠ མགོ་སྟོད་དུ་ཨ་མྱེས་རྨ་ཆེན་བསྟི་གནས་ཁང་ཐོག་མར་གསར་འཛུགས་ཀྱིས་འགན་འཛིན་གནང་ཡོད་ལ། བོད་མིའི་ཁྲོད་རང་བཙན་འཐབ་རྩོད་པ་དང་། བོད་ཀྱི་སྙན་ངག་དང་རྩོམ་རིག་གི་རིག་གནས་ལ་མཁས་ཤིང་། བོད་མི་གཞོན་སྐྱེས་མང་པོར་སློབ་སྟོན་པ་ལྟ་བུའི་སྤྱི་ཚོགས་ཁྲོད་ངོས་འཛིན་ཆེན་པོ་ཡོད་ལ། ཁོང་གི་རྩོམ་བྲིས་གནང་པའི་ཕྱག་དེབ་ཁོངས་སུ་ Tomorrow and Other Poems དང་། Ocean of Melody དང་། Hold On སོགས་ཡོད་ཅིང་། བོད་དང་འབྲེལ་བའི་ཕྱག་དེབ་སྣ་ཚོགས་ཡོད་པའི་ཉམས་ཞིབ་པ་དང་རྩོམ་པ་པོ་མང་པོ་འཁོར་ཡུལ་གྱི་དཔེ་དེབ་ཁང་ཞིག་བཞུགས་སྒར་དུ་བཙུགས་གནང་ཡོད་པ་རེད།

བོད་དོན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱི་སྐུ་ཟླ་རྡོ་རྗེ་ལྷ་མོ་ལགས་ ༢༠༡༨ ལོར་དགོངས་པ་རྫོགས་པ་དང་། འཚོ་བཞུགས་རྗེས་ཤུལ་ནང་མིར་གཅེན་པོ་དབུ་རྒྱན་ལགས་དང་། བོུ་བསྟན་འཛིན་ནོར་སྐྱིད་ལཊ། བུ་ལེགས་གྲུབ་ཚེ་རིང་ལགས་བཅས་བཞུགས་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བཀྲ་དབང་།