མེ་སྐྱོན་བྱུང་བར་སྤྱི་འཐུས་ནས་ཐུགས་གསོ་གནང་འདུག


2013-11-20
Share
མེ་སྐྱོན་བྱུང་བའི་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ལ་མེ་སྐྱོན་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་གསོ་ཞུས་གནང་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༡༦ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་ ༩།༣༠ ཙམ་ལ་གློ་བུར་དུ་ ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ལ་མེ་སྐྱོན་བྱུང་ནས། རྟེན་དང་བརྟེན་པ་བཅས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པ་རེད། གནས་ཚུལ་དེའི་ཐོག་ཚེས༢༠ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་སྤྱི་བསྒྲགས་ཤིག་སྤེལ་གནང་འདུག་པ་དང་། སྤྱི་བསྒྲགས་དེའི་ནང་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འདུ་ཁང་ལ་མེ་སྐྱོན་གྱི་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་དེ་བོད་མི་སྤྱི་དང་། ལྷག་དོན་དགོན་གནས་དེ་དང་འབྲེལ་ཆགས་  ལི་ཐང་བའི་ལྷ་སྡེ་མི་སྡེ་ཡོངས་ལ་བཟོད་དུ་མེད་པའི་སེམས་ཀྱི་ངལ་བ་བྱུང་ཡོད་པ་དང་། དགོན་གནས་རྩ་ཆེན་དེ་ལྟ་བུར་གློ་བུར་གོད་ཆག་བྱུང་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་འཚབ་ཆེན་པོའི་ངང་། དགོན་གནས་དེ་དང་འབྲེལ་ཆགས་ལི་ཐང་བའི་སེར་སྐྱ་མི་མང་ཡོངས་ལ་སྙིང་ནས་ཐུགས་གསོ་ཞུ་རྒྱུ་མ་ཟད། སྔར་བཞིན་བཤད་སྒྲུབ་ཀྱི་བསྟི་གནས་སླར་གསོ་འཕྲལ་མྱུར་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།