རྒྱ་ནག་གི་ཆེད་ཐའེ་ཝན་སྲིད་འཛིན་གྱི་བུ་ལ་གསོ་ལྟ་བྱེད་པའི་ཉེས་འཛུགས་འོག་འཛིན་བཟུང་།

ཁེ་ལི་ཧྥོར་ནི་ཡའི་བུད་ཅིག་གིས་ཐའེ་ཝན་སྲིད་འཛིན་གྱི་བུ་ལ་གསོ་མྱུལ་བྱས་ཏེ་རྒྱ་ནག་ལ་གནས་ཚུལ་སྤྲོད་ཀྱི་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་འདུག

ཁེ་ལི་ཧྥོར་ནི་ཡར་གནས་སྡོད་བུད་མེད་ཅིག་གིས་ཐའེ་ཝན་སྲིད་འཛིན་གྱི་བུ་ལ་གསོ་མྱུལ་བྱས་ཏེ་རྒྱ་ནག་ལ་གནས་ཚུལ་སྤྲོད་ཀྱི་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་འདུག

ཨ་རིའི་གཞུང་འབྲེལ་མི་སྣས་ཁེ་ལི་ཧྥོར་ནི་ཡའི་ལོས་ཨེན་ཇེ་ལིས་གནམ་ཐང་ནས་ཝང་ཡིང་ཀྲང་ངམ་མིང་གཞན་ལ་ཧེ་དྷར་ཞེས་འབོད་པའི་བེུད་གཅིག་རེས་གཟའ་ཉི་མའི་ཉིན་འཛིན་བཟུང་བྱས་ཡོད་པ་དང་། བེུད་དེས་ཐའེ་ཝན་སྲིད་འཛིན་གྱི་བུ་ཞིག་ལ་ལྟ་སྲུང་བྱེད་ཀྱི་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བརྗོད་པ་རོའི་ཊརསི་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་འདུག

ཝང་ཡིང་ཀྲང་འཛིན་བཟུང་བྱས་སྐབས་ཁོ་མོ་རྒྱ་ནག་ཏུ་ཐོན་གྲབ་བྱེད་པའི་སྐབས་ཡིན་པ་དང་། རང་ལོ་ ༣༤ ཡིན་པ་ཁེ་ལི་ཧྥོར་ནི་ཡའི་ཨཡེར་ཝིན་དུ་གནས་སྡོད་ཀྲང་ལ་ཨ་རིར་དེབ་སྐྱེལ་བྱེད་མེད་པའི་ཕྱི་འབྲེལ་གྱི་མི་སྣའི་ལས་དོན་བྱེད་བཞིན་པའི་ཉེས་པ་བཙུགས་ཡོད་པ་རེད།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཁེ་ལི་ཧྥོར་ནི་ཡར་གནས་སྡོད་ཝང་ཡིང་ཀྲང་ངམ་ཧེ་དྷར་འཛིན་བཟུང་བྱས་པ་དང་། ཁོ་མོར་ཐའེ་ཝན་གྱི་སྲིད་འཛིན་གྱི་བུ་ལ་གསོ་ལྟ་བྱེད་པའི་ཉེས་པ་བཙུགས་འདུག
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཁེ་ལི་ཧྥོར་ནི་ཡར་གནས་སྡོད་ཝང་ཡིང་ཀྲང་ངམ་ཧེ་དྷར་འཛིན་བཟུང་བྱས་པ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཁེ་ལི་ཧྥོར་ནི་ཡར་གནས་སྡོད་ཝང་ཡིང་ཀྲང་ངམ་ཧེ་དྷར་འཛིན་བཟུང་བྱས་པ་དང་། ཁོ་མོར་ཐའེ་ཝན་གྱི་སྲིད་འཛིན་གྱི་བུ་ལ་གསོ་ལྟ་བྱེད་པའི་ཉེས་པ་བཙུགས་འདུག (Bill Essayli/via REUTERS)

ཀྲང་གིས་ཐའེ་ཝན་སྲིད་འཛིན་ལའེ་ཆིང་ཏེའི་བུ་གཅིག་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བརྗོད་ཀྱང་ཀྲང་གིས་དམིགས་ས་དངོས་སུ་ཡིན་མིན་གསལ་བཤད་བྱས་མེད་ཀྱང་། ནིའུ་ཡོཀ་དུས་བབ་ཀྱིས་ཀྲང་གིས་དམིགས་འབེན་དུ་ཡོད་པ་དེ་ཨ་རིར་གནས་སྡོད་ལའེ་ཏིང་ཡུ་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད།

ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས། བྱ་སྤྱོད་འདི་ནི་རྒྱུན་ལྡན་ནས་ལག་བསྟར་བྱེད་པའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་ཐབས་ཡིན་པ་བརྗོད་དེ་ཐའེ་ཝན་གྱི་མི་སེར་སྲུང་སྐྱོབ་བྱས་པར་ཨ་རིའི་གཞུང་ལ་ལེགས་བརྗོད་གནང་ཡོད་པ་རེད།

ཐའེ་ཝན་གྱི་མགྲིན་ཚབ་པ་ཀ་རན་ཀུའོ་ཡིས་“འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་ཁག་གི་མངའ་དབང་ལ་བརྩི་མེད་བྱེད་པའི་དེ་འདྲའི་རྩུབ་སྤྱོད་ལ་ང་ཚོའི་རྒྱལ་ཁབ་ཀྱིས་སྐྱོན་བརྗོད་ཚད་མཐོ་ཤོས་བྱེད་ཀྱི་ཡོད་” ཅེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། གནས་ཚུལ་འདིའི་ཐད་”རྒྱུས་མངའ་མེད་” ཅེས་དང་། “འདི་འདྲའི་རྒྱ་མིའི་གསོ་མྱུལ་བ་ཟེར་འུར་སྒྲོག་གིས་རྒྱ་ནག་ལ་སྒྲོ་འདོགས་དང་ངན་བརྗོད་བྱེད་པར་རྒྱུན་དུ་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་” ཅེས་བརྗོད་འདུག

ཨ་རིའི་ཁྲིམས་དོན་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ༢༠༢༥ ལོར་ཀྲང་གིས་སི་ཡེ་ཊལ་དུ་བསྐྱོད་དེ་རྒྱ་ནག་དཔོན་རིགས་ཀྱི་བཀོད་མངགས་འོག་ཐའེ་ཝན་སྲིད་འཛིན་གྱི་བུ་དང་ནང་མིའི་པར་དང་། བརྙན། མོ་ཊའི་བྱང་བུ་བཅས་རྒྱ་ནག་ལ་མཁོ་གཏོང་བྱས་ཡོད་པ་བརྗོད་འདུག

ཀྲང་ཞེས་འབོད་པའི་བེུད་དེ་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་ལཱོས་ཨེན་ཇེ་ལིས་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ཏུ་གྱོད་གཞི་ཐོ་འགོད་གཏུག་བཤེར་བྱེད་ཡོད་པ་རེད།།