སྲིད་འཛིན་ཊམཔ་ཧྲན་ཊེན་དུ་ཕེབས་སྐབས་ཞི་ཅིན་ཕིང་གིས་གནམ་ཐང་དུ་ཕེབས་བསུ་ཞུས་པ།

ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་རྒྱ་ནག་གི་ཧྲན་ཊེན་གྲོང་ཁྱེར་དུ་ཕེབས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུའི་ཆེས་མཐོའི་དཔོན་རིགས་ཀྱི་ཚོགས་འདུར་ཕེབས་ཡོད་པ།

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུར་ཞུགས་ཆེད་རྒྱ་ནག་གི་ཧྲན་ཊེན་དུ་འབྱོར་སྐབས་སྲིད་འཛིན་ཞི་ཅིན་ཕིང་ཆེད་མངགས་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་ཅིང་། འདི་ནི་ཞི་ཅིན་ཕིང་སྲིད་འཛིན་ཆགས་པའི་རྗེས་ཕྱི་རྒྱལ་གྱི་དབུ་ཁྲིད་ཅིག་ལ་གནམ་ཐང་དུ་དངོས་སུ་ཕེབས་བསུ་ཞུས་པ་ཐེངས་དང་པོ་ཆགས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་རྒྱ་ནག་གི་ཧྲན་ཊེན་གྲོང་ཁྱེར་དུ་ཕེབས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུའི་ཆེས་མཐོའི་དཔོན་རིགས་ཀྱི་ཚོགས་འདུར་ཕེབས་ཡོད་པ།
སྲིད་འཛིན་ཊམཔ་ལ་ཞི་ཡིས་གནམ་ཐང་དུ་ཕེབས་བསུ་ཞུས། ཟླ་ ༡༡ ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ཊམཔ་གནམ་ཐང་དུ་འབྱོར་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ནས་ཕེབས་བསུ་ཞུ་སྐབས། (via REUTERS)

གནམ་ཐང་དུ་ཞི་ཡིས་ཕན་ཚུན་བརྩི་འཇོག་དང་དྲང་བདེན། འདྲ་མཉམ་བཅས་ལ་གཞི་བཞག་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་བརྟན་པོ་བཟོ་རྒྱུའི་རེ་བ་ཡོད་ལུགས་གསུངས་འདུག་ལ། སྲིད་འཛིན་ཊམཔ་ཡིས་ད་རེས་ཀྱི་འཚམས་གཟིགས་འདིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཡར་རྒྱས་གཏོང་ཐུབ་པར་ཡིད་ཆེས་ཡོད་ལུགས་གསུངས་སྐོར་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་ལུང་འདྲེན་བྱས་འདུག ཚེས་ ༡༩ ཉིན་སྲིད་འཛིན་ཊམཔ་དང་ཞི་གཉིས་ཟུར་དུ་མཇལ་རྒྱུ་དང་། དེ་རྗེས་པུ་ཊིན་དང་མཉམ་དུ་ཕྱོགས་གསུམ་གྱི་གྲོས་མོལ་གནང་རྒྱུའི་ལས་རིམ་ཡོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་རྒྱ་ནག་གི་ཧྲན་ཊེན་གྲོང་ཁྱེར་གྱི་གནམ་ཐང་དུ་ཞི་ཅིན་ཕིང་གིས་ཕེབས་བསུ་ཞུས་པ། སྲིད་འཛིན་ཊམཔ་རྒྱ་ནག་གི་ཧྲན་ཊེན་གྲོང་ཁྱེར་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུར་མཉམ་ཞུགས་སླད་ཕེབས་པར་ཞིས་གནམ་ཐང་དུ་ཕེབས་བསུ་ཞུས་པ།

ཡང་ཚེས་ ༡༨ ཉིན་གྱི་དགོང་དྲོ་ཞི་ཅིན་ཕིང་དང་སྐུ་ཟླ་ཕཱང་ལི་ཡོན་གྱིས་ཕེབས་བསུའི་གསོལ་སྟོན་བཤམས་པ་དང་། རྒྱལ་ཁབ་ཁག་གི་དཔོན་རིགས་མཉམ་དུ་པར་ལེན་སྐབས་ར་ཤི་ཡའི་སྲིད་འཛིན་པུ་ཊིན་གྱིས་ཨ་རིའི་སྲིད་འཛིན་ཊམཔ་སར་སྐྱོད་དེ་ལག་པ་བཏང་པ་དང་། གསོལ་སྟོན་གྱི་གཏམ་བཤད་ནང་ཞི་ཡིས་ཧྲན་ཊེན་གྱི་འཕེལ་རྒྱས་དེ་རྒྱ་ནག་གི་སྒོ་དབྱེ་སྲིད་ཇུས་ཀྱི་དཔེ་མཚོན་ཡིན་སྐོར་བརྗོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་རྒྱ་ནག་གི་ཧྲན་ཊེན་གྲོང་ཁྱེར་དུ་ཕེབས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུའི་ཆེས་མཐོའི་དཔོན་རིགས་ཀྱི་ཚོགས་འདུར་ཕེབས་ཡོད་པ།
སྲིད་འཛིན་ཊམཔ་ལ་ཞི་ཡིས་གནམ་ཐང་དུ་ཕེབས་བསུ་ཞུས། ཚེས་ ༡༨ ཉིན་དཔོན་རིགས་རྣམས་མཉམ་དུ་པར་ལེན་བྱ་སྐབས་ར་ཤི་ཡའི་སྲིད་འཛིན་པུ་ཊིན་གྱིས་ཨ་རིའི་སྲིད་འཛིན་ཊམཔ་སར་སྐྱོད་དེ་ལག་པ་བཏང་པ། (via REUTERS)

ཚོགས་འདུ་ཚོགས་ཡུལ་རྒྱ་ནག་གི་ཧྲན་ཊེན་དུ་མཚོན་ན་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། ས་འོག་རི་ལིའི་བབ་ཚུགས་སུ་འགྲུལ་པའི་ཁུག་མ་ཚང་མ་འཕྲུལ་ཆས་བརྒྱུད་ནས་ཞིབ་བཤེར་བྱེད་བཅུག་གི་ཡོད་པ་མ་ཟད། གྲོང་ཁྱེར་གྱི་ཁུལ་གཙོ་བོ་དྲུག་ཏུ་གྲོང་ཁྱེར་གྱི་ཕྱི་ནས་ཐོ་འགོད་བྱས་པའི་འགྲུལ་འཁོར་འགྲོ་སྐྱོད་ལ་དུས་ཚོད་བཀག་སྡོམ་དང་། མི་མེད་གནམ་གྲུ་འཕུར་གཏོང་བྱ་རྒྱུར་བཀག་སྡོམ་བྱས་ཡོད་སྐོར་ཧོང་ཀོང་གི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག

ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་རྒྱ་ནག་གི་ཧྲན་ཊེན་གྲོང་ཁྱེར་དུ་ཕེབས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུའི་ཆེས་མཐོའི་དཔོན་རིགས་ཀྱི་ཚོགས་འདུར་ཕེབས་ཡོད་པ།
སྲིད་འཛིན་ཊམཔ་ལ་ཞི་ཡིས་གནམ་ཐང་དུ་ཕེབས་བསུ་ཞུས། ༢༠༢༦ ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུ་ཚོགས་ཡུལ་ཧྲན་ཊེན་དུ་དམ་དྲག་ཡོད་པ། (REUTERS)

འབྲེལ་ཡོད་གནས་ཚུལ།

ཊམཔ་དང་ཞི་ཅིན་ཕིང་གཉིས་ APEC ཚོགས་ཆེན་སར་མཇལ་འཕྲད་གནང་རྒྱུ།

ཨ་རིར་རྒྱལ་དོན་ལྟ་སྐོར་ཟིན་རྗེས་ཞི་ཅིན་ཕིང་རྒྱ་ནག་ལ་ཕྱིར་ལོག

“བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་མཚམས་འཇོག་བྱ་དགོས།”

ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ།

ཞི་ཅིན་ཕིང་ལ་གཞུང་འབྲེལ་གྱི་སྣེ་ལེན་དང་དམངས་ཁྲོད་ཀྱི་ངོ་རྒོལ།

བོད་མི་གཞོན་སྐྱེས་ཤིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་པའི་རེ་སྐུལ་གནང་པ།

༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།

ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།

“ཊམཔ་དང་ཞིའི་དབར་གྲོས་མོལ་སྐབས་བོད་ནང་གི་ཆོས་དད་རང་དབང་ཐད་གླེང་བའི་གོ་སྐབས་ཡོད།"