ཞེ་རྒྱ་ནག་བདེ་འཇཊ་ལྷན་ཁང་གི་འགོ་ཁྲིད་དུ་བསྐོ་བཞག

2014-01-24
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་འགོ་ཁྲིིད་ཞི་ཅིན་ཕུན།
རྒྱ་ནག་གི་འགོ་ཁྲིིད་ཞི་ཅིན་ཕུན།
པར། AFP

ཞེ་ཅིན་ཕེན་རྒྱ་ནག་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགོ་ཁྲིད་དུ་བསྐོ་བཞག་བྱས་བས་ཁོང་གི་དབང་ཤུགས་སྔར་བས་སྲ་བརྟན་དུ་བཏང་འདུག
དེ་ཡང་རྒྱ་ཤིན་ཧ་ཡི་གནས་ཚུལ་ལྟར་ན། རྒྱ་ནག་གུང་ཁྲན་ཚོགས་པས་སྲིད་འཛིན་ཞེ་ཅིན་ཕེན་རྒྱ་ནག་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགོ་ཁྲིད་དུ་བསྐོ་བཞག་བྱས་བ་དང་། སྲིད་བློན་གཞོན་པ་Li Keqing དང་། རྒྱ་ནག་གུང་ཁྲན་ཏང་གི་ཤུལ་འཛིན་དཔོན་རིགས་ཁོངས་ནས་གོ་གནས་ཨང་གསུམ་པ་ཡིན་པའི་Zheng Dejiang གཉིས་ལྷན་ཁང་དེའི་འགོ་ཁྲིད་གཞོན་པར་བསྐོ་བཞག་བྱ་རྒྱུའི་སྐོར་དང། ད་དུང་དབང་ཤུགས་ཆེ་བའི་དཔོན་རིགས་ཁག་ཅིག་ཀྱང་ལྷན་ཁང་དེའི་ནང་ཡོད་པའི་གནས་ཚུལ་བཀོད་སྤེལ་ཙམ་ལས་ཞིབ་ཕྲ་མེད་པ་རེད། གནས་ཚུལ་དབྱེ་ཞིབ་པའི་ངོས་ནས་བཀོད་དོན། རྒྱ་ནག་གི་བདེ་འཇགས་ལྷན་ཁང་དེ་ནི་ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་ལས་ཁུངས་ལ་གཞི་བཞག་པ་ཞིག་ཡིན་པ་དང། ལྷན་ཁང་དེ་ཡིས་རྒྱ་ནག་གི་བདེ་འཇགས་ལས་ཁང་ཡོངས་ཀྱི་མཉམ་ལས་ཀྱི་ནུས་པ་སྔར་བས་ཤུགས་ཆེ་རུ་བཏང་སྟེ། ད་ལྟ་ཉེན་རྟོག་པ་དང་དམག་དོན། གསང་བའི་ལས་དོན། ཕྱི་འབྲེལ་གྱི་ལས་དོན་ནུས་པ་ཕྱོགས་སོ་སོས་བཏོན་བཞིན་པ་དེ་དག་ནང་ཁུལ་ཟུང་འབྲེལ་གྱི་ནུས་པ་གཅིག་ཏུ་སྒྲིལ་རྒྱུ་ཡིན་པ་དང་། ཞེ་ཅིན་ཕེན་ཁོང་རང་གི་དབང་ཤུགས་སྔར་བས་སྲ་བརྟན་དུ་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ད་དུང་ལྷན་ཁང་དེ་ཡིས་ཐེ་ཇུས་བྱ་རྒྱུའི་ཕྱི་འབྲེལ་གྱི་ལས་དོན་ནང། ཉི་ཧོང་དང། བྱང་ཀོ་རི་ཡ། དེ་བཞིན་རྒྱ་གར་དང་ཉི་ཧོང་སོགས་ཁྱིམ་མཚེས་རྒྱལ་ཁབ་དབར་ལ་བདག་དབང་གི་རྩོད་གཞིར་གནས་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་གནད་དོན་ཡོད་པར་ངོས་འཛིན་བྱེད་པའི་ཁར། ད་དུང་བོད་དང་ཤིང་ཅང་གི་ས་ཁུལ་ནང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་པའི་ཟིང་ཆའི་དོན་རྐྱེན་མུ་མཐུད་ཐོན་བཞིན་པར་བརྟེན་ནས་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པ་ཤོད་ཀྱི་ཡོད་པ་དེ་དག་ཐོག་ཐེ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་ཉི་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།