རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཐེངས་དྲུག་པ།


2016-10-29
Share
རྒྱ་ནག་གུང་ཁྲན་ཚོགས་པའི་ཚང་འཛོམས་ཚོགས་ཐེངས་དྲུག་པའི་ནང་དོན། རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་དམར་ཤོག་ཚོགས་པའི་སྲོག་ཤིང་རླབས་ཆེན་གྱི་འགོ་ཁྲིད་ཀྱི་མཚན་གནས་གཏན་འབེབས་བྱས་ཡོད་པ།
ཨེ་ཨེཕ་པི།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། ཉེ་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐོང་ཚོགས་བྱས་པའི་རྒྱ་ནག་གུང་ཁྲན་ཚོགས་པའི་ཚང་འཛོམས་ཚོགས་ཐེངས་དྲུག་པའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་དམར་ཤོག་ཚོགས་པའི་སྲོག་ཤིང་རླབས་ཆེན་གྱི་འགོ་ཁྲིད་ཀྱི་མཚན་གནས་གཏན་འབེབས་བྱས་ཡོད་པ་སོགས་དང་འབྲེལ་བའི་སྐོར། བོད་རྒྱ་གནད་དོན་ཐོག་ལ་ཉམས་ཞིབ་གནང་མཁན་དང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་དང་། ཨ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་རྒྱ་ནག་ ཧོང་ཀོང་། ཐེ་དབན་གྱི་ལེ་ཚན་གཙོ་སྐྱོང་གནང་མཁན་འཆི་མེད་ལགས་བཅས་རྣམ་གཉིས་དང་ལྷན་དུ། འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།