རང་ལུས་མེར་བསྲེགས་བཏང་སར་བོེད་མི་ཆིག་ཁྲི་ཙམ་འཛོམས།
2011.11.06
༄༅༎བོད་ཤར་ཕྱོགས་ཁམས་རྟའུ་ཁུལ་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་གཅེས་པའི་ལུས་སྲོག་བཏང་སའི་ས་ཁུལ་དུ་བོད་མི་ཆིག་ཁྲི་ཙམ་འདུ་འཛོམས་ཀྱིས་དམ་པ་དེ་ཉིད་ཀྱི་ཆེད་སྨོན་ལམ་འདོན་དང་རྒྱ་གཞུང་གི་ངོ་རྒོལ་གྱི་རྣམ་པ་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག
དེ་རིང་རེས་གཟའ་ཉི་མའི་ཉིན་ཟི་ཁྲོན་ཞིང་ཆེན་གྱིས་ས་ཁུལ་གང་ས་ནས་བོད་མི་ཆིག་ཁྲི་ཙམ་ཉི་མཚོ་དགོན་པའི་ཕྱི་རོལ་དུ་འདུ་འཛོམས་ཀྱིས་བཙུན་མ་དཔལ་ལྡན་ཉི་ཆོས་མཚོ་དེ་ཉིད་གྱི་ཆེད་སྨོན་ལམ་འདོན་པ་དང་། དགོན་པོའི་ནང་དུ་དགེ་འདུན་པ་ཆིག་སྟོང་ཙམ་གྱིས་མཆོད་འབུལ་དང་སྨོན་ལམ་འདོན་གནང་ཡོད་ལུགས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་མགྱོགས་འཕྲིན་ཞིག་སྤེལ་འདུག། ས་ཁུལ་དེར་དམག་མི་ཁྱོན་ཆེ་བཀྲམས་ནས་དམག་ས་ལྟ་བུར་གྱུར་ཡོད་པ་དང་ཉི་མཚོ་དགོན་པོའི་ཉེ་འགྲམ་དུ་གློག་བརྙན་ཁང་ཞིག་ཡོད་པ་དེར་དམག་མི་ཉིས་སྟོང་ཙམ་དཔུང་བཅུག་བྱས་ཡོད་ལུགས་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱིས་གོང་ཞུས་མགྱོགས་འཕྲིན་ནང་གསལ་ཡོད་ལུགས་དུང་འདྲེན་བྱས་ཡོད་སྐོར་པེ་ཅེང་ནས་ པེ་ཅིང་ནས་ཨེ་པི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག། བློ་བཟང་སྦྱིན་པ་ལགས་ཁོང་རང་འདི་ལོ་ཕྱི་ཟླ་གཉིས་པའི་ནང་རྟའུ་ནས་བྲོས་བྱོལ་དུ་བསྐྱོད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག། ཨེ་པི་གསར་ལས་ཁང་གིས་ས་གནས་ཀྱི་བོད་མི་ཁག་ཅིག་ལ་ཁ་པར་བཏང་གནས་ཚུལ་དེ་རིགས་ཤེས་རྟོགས་མེ་ལུགས་བརྗོད་པ་དང་ས་གནས་ཉེན་སྲུང་ལས་ཁུངས་ལ་ཁ་དཔར་བཏང་ཡང་ལེན་མཁན་མེད་ལུགས་འགྲེལ་བརྗོད་བྱས་འདུག།