ཨ་རིས་མུ་མཐུད་བོད་དོན་རོཊ་དངུལ་ཨ་སྒོར་ས་ཡ་༡༩གནང་རྒྱུ།


2014-01-17
Share
༢༠༡༣ལོར་ཨ་རིའི་གྲོས་ཚོགས་ཁང་གི་མདུན་བོད་མི་ཚོ་རྒྱལ་ཁབ་ཁག་འདྲ་མིན་གྱི་དུས་སྟོན་ལ་མཉམ་ཞུགས་བྱེད་བཞིན་པ། ༢༠༡༣ལོར་ཨ་རིའི་གྲོས་ཚོགས་ཁང་གི་མདུན་བོད་མི་ཚོ་རྒྱལ་ཁབ་ཁག་འདྲ་མིན་གྱི་དུས་སྟོན་ལ་མཉམ་ཞུགས་བྱེད་བཞིན་པ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

ཨ་མི་རི་ཀའི་གྲོས་ཚོཌ་ཀྱིས་ལོ་འདིར་བོད་དོན་གྱི་ལས་གཞི་ཁག་གི་ཆེད་ཨ་སྒོར་ས་ཡ་༡༩རོགས་དངུལ་གནང་རྒྱུའི་ཆོག་མཆན་གནང་འདུག
དེ་ཡང་ཕྱི་ལོ་༢༠༡༤་ལོར་ཨ་མི་རི་ཀས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རོགས་དངུལ་གནང་རྒྱུའི་སྔོན་རྩིས་ཁོངས་ནས་ཨ་སྒོར་ས་ཡ་༡༩་བོད་ཀྱི་ལས་འཆར་ཁག་ལ་གནང་རྒྱུའི་ཁྲིམས་འཆར་དེ་བཞིན་འདི་ཟླའི་ཚེས་༡༥་ཉིན་ཨ་རིའི་གྲོས་ཚོཌ་འོག་མས་གཏན་འབེབས་གནང་ཡོད་པ་དང་། ཨ་རིའི་གྲོས་ཚོཌ་གོང་མས་ཀྱང་མགྱོཌ་མྱུར་འོས་ཤོག་འཕང་ནས་གཏན་འབེབ་གནང་འཆར་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་འབྲེལ་འགན་འཛིན་Todd Stein ལཌ་ཀྱིས་ཨ་རིའི་གྲོས་ཚོཌ་ཀྱིས་ཡང་བསྐྱར་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུཌ་ཆེ་བསྟན་པ་དང་། རོགས་དངུལ་དེ་བཞིན་ཨ་རིའི་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་གནང་རྒྱུའི་ཁྱོན་བསྡོམས་སྔོན་རྩིས་ཀྱི་ཆ་ཤས་ཤིག་ཡིན་རུང་རོགས་དངུལ་དེ་ལ་བརྟེན་ནས་བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་གཙོས་པའི་རང་ཉིད་ཀྱི་ངོ་བོའམ་རྣམ་པ་མི་ཉམས་བརྒྱུད་འཛིན་གནང་རྒྱུའི་འབད་བརྩོན་ལ་དོན་འབྲས་ཆེན་པོ་སོན་རྒྱུའི་མ་རྩ་ཆཌ་ཀྱི་ཡོད་སྐོར་གསུངས་འདུག
འདི་ལོའི་བོད་ཀྱི་རྩ་དོན་ཆེད་ཀྱི་ལས་འཆར་ཁག་ལ་ཨ་སྒོར་ས་ཡ་༡༩་རོགས་དངུལ་གནང་རྒྱུའི་ཁོངས་སུ་བོད་མཐོ་སྒང་ནང་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་པའི་ལས་དོན་སྤེལ་མཁན་གཞུང་འབྲེལ་མ་ཡིན་པའི་ཚོཌ་པ་ཁག་ལ་རོཌ་དངུལ་ས་ཡ་༧་དང་གྲངས་ཆུང་༩་གནང་རྒྱུ་དང་། བཙན་བྱོལ་བོད་མིའི་བདེ་དོན་ཆེད་རོགས་དངུལ་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ཀ བོད་པའི་སློབ་ཕྲུག་རྣམས་ལ་སློབ་ཡོན་ཨ་སྒོར་ས་ཡ་གཅིག ཨ་རིའི་ཕྱི་སྲིད་ལས་ཁང་གི་དམིཌ་བསལ་བོད་དོན་འབྲེལ་མཐུད་པའི་ལས་དོན་ཆེད་ཨ་སྒོར་ས་ཡ་གཅིག དེ་བཞིན་དུ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་དང་། National Endowment for Democracy ཞེས་ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་གྱི་ལས་གཞི་བཅས་ལ་རོགས་དངུལ་གནང་གི་ཡོད་པ་རེད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།