རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་གསར་འགོད་ལྷན་ཚོགས་ཤིག་གནང་རྒྱུ།

ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ བོད་དང་རྒྱལ་སྤྱིའི་གནད་དོན་མང་པོ་ཞིག་ལ་འགལ་འཛོལ་གྱི་ལས་དོན་ ཐེར་གཏོན་གྱི་གསར་འགོད་ལྷན་ཚོགས་ཤིག་གནང་གི་ཡོད་པ་རེད་

2008-04-30
Share

༄༅༎ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྲིད་དོན་ཚོགས་པ་དབྱེ་མེད་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་

སང་ཉིན་རེས་གཟའ་ཕུར་བུའི་ཉིན་ རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱེད་བཞིན་པ་མཚོན་པའི་ རྒྱལ་སྤྱིའི་གནད་དོན་མང་པོ་ཞིག་ལ་ འགལ་འཛོལ་གྱི་ལས་དོན་གཉེར་བཞིན་པ་ ཐེར་གཏོན་གྱི་གསར་འགོད་ལྷན་ཚོགས་ཤིག་གནང་གི་ཡོད་པ་རེད་

གསར་འགོད་ལྷན་ཚོགས་འདིའི་ཐོག་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ འབར་མའི་དམངས་གཙོའི་ཚོགས་པ་ བྱང་ཀོ་རི་ཡའི་རང་དབང་གི་མཐུན་ཚོགས་ ཌའར་ཕྷུར་སྐྱོབ་རོགས་ཚོགས་པ་དང་ གཞན་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པ་སོགས་འདུ་འཛོམས་གནང་གི་ཡོད་པ་དང་ ལྷན་ཚོགས་དེར་གསུང་བཤད་གནང་མཁན་གྱི་ཁོངས་སུ་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ སྦ་རའོན་སྦེག དང་ དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ མཱེ་ནེན་ཌེསི་ དང་ གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ ཕཱེརེང་ཝུལ་ཕཱི་ ཡི་གཙོས་ གྲོས་ཚོགས་འཐུས་མི་ཁག་ཅིག་ཕེབས་ཀྱི་ཡོད་སྐོར་ ཨ་རིའི་གྲོས་ཚོགས་འཐུས་མི་ སྦ་རའོན་སྦེག་གི་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།