བྷོམ་ལ་ནི་བོད་དང་རྒྱ་གར་གྱི་ས་མཚམས་ཡིན་པ་པད་མ་མཁའ་འགྲོ་ལགས་ཀྱིས་གསལ་སྟོན་གནང་འདུག

2020-06-26
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་ལགས་མོན་རྟ་དབང་རྫོང་ཁུལ་བྷོམ་ལ་(Bumla)་ས་མཚམས་སུ། ༢༠༢༠།༦།༢༤
རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་ལགས་མོན་རྟ་དབང་རྫོང་ཁུལ་བྷོམ་ལ་(Bumla)་ས་མཚམས་སུ། ༢༠༢༠།༦།༢༤
PK/FB

རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་ལགས་མོན་རྟ་དབང་རྫོང་ཁུལ་དུ་གཟིགས་སྐོར་ཕེབས་ནས་བྷོམ་ལ་ས་མཚམས་ནི་བོད་དང་རྒྱ་གར་གྱི་ས་མཚམས་ཡིན་གསལ་སྟོན་གནང་འདུག
རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་ལགས་མོན་རྟ་དབང་རྫོང་ཁུལ་གཟིགས་སྐོར་ཕེབས་ནས་བྷོམ་ལ་(Bumla)་ས་མཚམས་སུ། རྒྱ་གར་གྱི་དམག་མིའི་དཔོན་རིགས་རྣམས་དང་ཐུགས་འཕྲད་གནང་སྟེ། རྒྱ་གར་གྱི་དམག་མིའི་སྙིང་སྟོབས་ལ་བསྔགས་བརྗོད་གནང་ཐོག ས་མཚམས་དེ་ནི་བོད་དང་རྒྱ་གར་གྱི་ས་མཚམས་ཤིག་ཡིན་པ་དང་། བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་ས་ཁུལ་ཞིག་ཡིན་པ་ལོ་རྒྱུས་ཀྱི་ཐོག་ནས་གསལ་པོ་ཡིན་པ་གསུང་འདུག
རྒྱ་གར་ཨ་རུ་ཎ་ཅལ་མངའ་སྡེ་དེ་བཞིན་རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ས་ཁུལ་དེ་ནི་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཡིན་པ་དང་། དེར་རྒྱ་ནག་གི་བདག་དབང་ཡོད་ལུགས་བཤད་བཞིན་པ་རེད།
ཕྱི་ལོ་༡༩༦༢་ལོར་ས་མཚམས་ཀྱི་དོན་དུ་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་ཤོར་ནས་རྒྱ་གར་གྱི་དམག་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད། དེ་བས་ཨ་རུ་ཎ་ཅལ་མངའ་སྡེའི་ས་མཚམས་ཁུལ་དུ་རྒྱ་གར་གྱི་དཔོན་རིགས་སུ་འདྲ་ཞིག་ཕེབས་ཀྱང་དེར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་བཞིན་ལྟར། སྔ་ལོའི་ཕྱི་ཟླ་གཉིས་པའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra Modi)་ལགས་ཁུལ་དེར་ཕེབས་སྐབས་ཀྱང་རྒྱ་ནག་གི་ཕྱོགས་ནས་ངོ་རྒོལ་བྱས་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱིས་ཨ་རུ་ཎ་ཅལ་མངའ་སྡེ་དེ་བཞིན་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཞིག་ཡིན་ལུགས་ནན་བརྗོད་གནང་བཞིན་པ་རེད།
ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་ལགས་ཀྱིས། བོད་དང་རྒྱ་གར་གྱི་ས་མཚམས་ཞེས་ཁྲུ་ཀྲར་སྤྱི་ཚོགས་དྲ་རྒྱའི་ཐོག་གསུངས་པ་དེར་རྒྱ་གར་གཞུང་གིས་ལེགས་ཉེས་ཀྱི་རྣམ་འགྱུར་གང་ཡང་བསྟན་མེད་པ་དང་། ཁོང་ནི་རྒྱ་གར་གྱི་གཞུང་འཛིན་(BJP)་ཆབ་སྲིད་ཚོགས་པའི་ཚོགས་མི་ཞིག་ཡིན་སྟབས། གཞུང་གི་མཛད་ཇུས་དང་འགལ་མེད་ལུགས་
སྤྱི་ཁྱབ་བློན་ཆེན་མཆོག་དང་འབྲེལ་བ་ཆེན་པོ་ཡོད་པའི་གནས་ཚུལ་འབྱུང་ཁུངས་ཤིག་གིས་གསུངས་འདུག
རྒྱ་ནག་གཞུང་གིས་ཨ་རུ་ཎ་ཅལ་མངའ་སྡེའི་ཤར་ཕྱོགས་ཨན་ཇོའུ་(Anjaw)་རྫོང་ནས་ ནུབ་ཕྱོགས་རྟ་དབང་རྫོང་གི་ས་མཚམས་བར་བོད་ཀྱི་ས་ཕྱོགས་སུ་དམག་དོན་འཛུགས་བསྐྲུན་མང་པོ་ཡར་རྒྱས་བཏང་ཡོད་པ་རེད།
རྟ་དབང་ནང་ནང་པའི་དགོན་པ་ཆེ་ཤོས་ཤིག་ཡོད་པ་དང་། དེར་བོད་བརྒྱུད་ནང་ཆོས་ཀྱི་ཐོག་ནས་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་ཆ་ནས། རྒྱ་ནག་གིས་ཀྱང་དེར་དོ་སྣང་བྱེད་བཞིན་ཡོད་འདུག་ལ། ཕྱི་ལོ་༡༩༦༢་ལོའི་དམག་འཁྲུག་རྗེས་རྒྱ་གར་གྱིས་བོད་དང་ས་འབྲེལ་གྱི་ས་མཚམས་ཚང་མར་ས་སྲུང་དམག་མི་འགྲེམས་འཇོག་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།