ལིའུ་ཞའོ་ཕོའི་སྤུན་མཆེད་རྣམས་ཁོང་དང་ཐུག་འཕྲད་བྱ་རྒྱུ་རེད་འདུག


2017.07.08
ལིའུ་ཞའོ་ཕོའི་སྤུན་མཆེད་རྣམས་ལ་ཁོང་དང་ཐུག་འཕྲད་བྱ་རྒྱུའི་ཆོག་མཆན་ཐོབ་པ། ༢༠༡༧།༦།༢༨། སྐུ་ཞབས་ལིའུ་ཞའོ་ཕོའོ་སྨན་ཁང་དུ་སྨན་གཅོས་བྱེད་བཞིན་པ།
ཨེ་ཨེཕ་པི།

༄༅། །རྒྱ་ནག་གཞུང་གིས་རྒྱལ་ཁབ་མགོ་རྟིང་སློག་རྩིས་ཀྱི་ཉེས་བཙུགས་འོག་བཙོན་འཇུག་བྱས་པའི་རྒྱ་ནག་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལིའུ་ཞའོ་ཕོའོ་ཡི་འབྲས་སྤྲན་གྱི་ནད་གཞི་ཧ་ལམ་གསོ་ཐབས་བྲལ་བའི་མཚམས་སུ་སླེབས་ཡོད་པའི་སྐོར། ཨ་རི་དང་འཇར་མན་གྱི་ཆེད་ལས་སྨན་པས་བརྟག་དཔྱད་བྱས་པའི་རྗེས་ལིའུ་ཞའོ་ཕོའོ་ལ་སྨན་བཅོས་བྱེད་སའི་རྒྱ་ནག་ཧྲན་ཡང་གསོ་རིག་ཚན་ཁག་ཡན་ལག་སྨན་ཁང་དང་པོའི་འབྲེལ་ཡོད་ནས། དེ་རིང་གཟའ་སྤེན་པའི་ཉིན་བརྗོད་ཡོད་འདུག དེ་བཞིན་རྒྱ་ནག་གི་སྨན་ཁང་དེས་ལིའུ་ཞའོ་ཕོའོ་ལ་ཁྱོན་ཡོངས་ནས་སྨན་བཅོས་མཐུན་རྐྱེན་སྤྲོད་རྒྱུའི་སྐོར་ཡང་བརྗོད་ཡོད་འདུག   ལིའུ་ཞའོ་ཕོའོ་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཙམ་དུ་གསོ་ཐབས་དཀའ་བའི་འབྲས་སྤྲན་གྱི་ནད་གཞི་ཕོག་པ་ཤེས་རྟོགས་བྱུང་ནས་ བཙོན་ཁང་ནས་ཧྲན་ཡང་གསོ་རིག་ཚན་ཁག་གི་ཡན་ལག་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་པ་དང་།  དེའི་བར་རྒྱ་ནག་ཕྱི་ནང་གཉིས་ནས་ལིའུ་ཞའོ་ཕོའོ་ཕྱི་ཕྱོགས་སུ་སྨན་བཅོས་སུ་གཏོང་རྒྱུ་འམ་ཡང་ན་ཕྱི་རྒྱལ་གྱི་འབྲས་སྤྲན་ནད་གཞིའི་ཐོག་གི་ཆེད་ལས་སྨན་པ་གདན་ཞུས་ཀྱི་བརྟག་དཔྱད་བྱ་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་ཤུགས་ཆེ་ཞུས་པའི་འོག་ ཨ་རིའི  Anderson འབྲས་སྤྲན་ལྟེ་གནས་ཁང་གི་ཆེད་ལས་སྨན་པ་Joseph M Herman དང་འཇར་མན་གྱི་Heidelberg སློབ་གྲྭ་ཆེན་མོའི་འབྲས་སྤྲན་ཆེས་ལས་སྨན་པ་ Markus W Buchler རྣམ་གཉིས་ལིའི་ཞའོ་ཕོའོ་ཡི་ནད་གཞིའི་ཐོག་བརྟག་དཔྱད་གནང་རྒྱུར་རྒྱ་ནག་ནང་ཕེབས་མཆོག་པའི་ཆོག་མཆན་ཐོབ་ནས།  དེ་རིང་གཟའ་སྤེན་པའི་ཉིན་རྒྱབ་རྒྱ་ནག་ཧྲན་ཡང་གསོ་རིག་སྨན་ཁང་དུ་ཕེབས་འདུག་ཅིང་།  སྨན་ཁང་དེའི་ལིའུ་ཞའོ་ཕོའོ་ཡི་ནད་གཞིའི་ཐོག་སྨན་བཅོས་བྱེད་མཁན་གྱི་འབྲས་སྤྲན་སྨན་པར་ལིའུ་ཞའོ་ཕོའོ་ཡི་ནད་གཞིའི་ཐོག་གི་སྨན་བཅོས་སྐོར་བཀའ་དྲི་གནང་པ་མ་ཟད།  ཁོང་གི་ནད་གཞིར་བརྟག་དཔྱད་ཞིབ་ཕྲ་གནང་ཡོད་ལུགས་དང་།   ལིའུ་ཞའོ་ཕོའོ་ཡི་འབྲས་སྤྲན་གྱི་ནད་གཞི་སྡུག་ཤོས་ཀྱི་མཚམས་སུ་སླེབས་ཡོད་པའི་སྐོར་སྨན་ཁང་གི་གཞུང་འབྲེལ་ཕྱིར་བསྒྲགས་བྱས་ཡོད་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་ཁ་གསལ་ཕྱིར་བསྒྲགས་བྱས་མེད་པ་རེད།   དེ་དང་ཆབས་ཅིག་སྐུ་ཞབས་ལིའུ་ཞའོ་ཕོའོ་ཡི་སྤུན་མཆེད་ཚོ་དེ་རིང་གཟའ་སྤེན་པའི་ཉིན་སྨན་ཁང་དུ་ལིའུ་ཞའོ་ཕོའོ་ལ་གཟིགས་པར་ཕེབས་རྒྱུར་གཞུང་གི་མཆོག་མཆན་ཐོབ་སྟེ་ཧྲན་ཡང་ས་གནས་སུ་ཐོན་ཟིན་པའི་སྐོར་ལིའུ་ཞའོ་ཕོ་ཡི་གྲོགས་པོ་དང་ཁྲིམས་རྩོད་པས་འགྲེལ་བརྗོད་གནང་འདུག་ལ། སྨན་ཁང་ནང་རྒྱ་ནག་གསང་བའི་ཉེན་རྟོག་པས་དམ་དྲག་སྲུང་བྱ་ནན་པོ་བྱས་ཏེ་  ལིའུ་ཞའོ་ཕོའོ་ལ་གཟིགས་པར་ཕེབས་མཁན་གྱི་མི་སྣ་མང་པོ་སྨན་ཁང་དུ་མི་བཏང་བར་བཀག་སྡོམ་བྱེད་བཞིན་ཡོད་པའི་ཁར། སྐུ་ཞབས་ལིའུ་ཞའོ་ཕོའོ་ཡི་གཟའ་ཟླ་ལིའུ་ཞའ་སྨན་ཁང་ཡང་སྨན་ཁང་དུ་ལིའུ་ཞའོ་ཕོའོ་ལ་ལྟ་སྐྱོང་བྱ་རྒྱུ་ལས་དེ་མིན་གང་དུ་ཡང་བསྐྱོད་མི་ཆོག་པ་དང་། ཕྱི་མི་སུ་ལ་ཡང་འབྲེལ་ཏུག་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པའི་སྐོར་འབྲེལ་ཡོད་ནས་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་འདུག།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎