རྒྱ་ནག་གཞུང་གིས་རྒྱལ་སྲུང་ཁྲིམས་གཞི་བསྐྱར་བཅོས་ཀྱིས་ཁྱབ་རྒྱ་ཆེ་རུ་བཏང་ཡོད་འདུག

2024.02.28
རྒྱ་ནག་གཞུང་གིས་རྒྱལ་སྲུང་ཁྲིམས་གཞི་བསྐྱར་བཅོས་ཀྱིས་ཁྱབ་རྒྱ་ཆེ་རུ་བཏང་ཡོད་འདུག པེ་ཅིང་གི་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་མདུན། ༠༣།༡༠།༢༠༢༡
REUTERS

རྒྱ་ནག་གི་ཆེས་མཐོའི་ཁྲིམས་བཟོ་ལྷན་ཁང་གིས་འདི་ཚེས་༢༧རེས་གཟའ་མིག་དམར་ཉིན། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཁྲིམས་གཞི་བསྐྱར་བཅོས་བྱས་ཡོད་པ་བསྒྲགས་ཡོད་པ་དང་། ཁྲིམས་གཞི་དེ་བཞིན་འདི་ལོའི་ཕྱི་ཟླ་༥་ཚེས་༡་ཉིན་ནས་བཟུང་ལག་བསྟར་བྱེད་འཆར་ཡོད་པ་བསྒྲགས་འདུག་ལ། དེ་ནི་ཕྱི་ལོ་༢༠༡༠་ལོ་ནས་ད་བར་ཁྲིམས་གཞི་བསྐྱར་བཅོས་ཀྱིས་རྒྱ་ཆེ་རུ་བཏང་བ་ཐེངས་མ་དང་པོ་ཡིན་པར། རྒྱལ་ཁབ་ཀྱི་གསང་བའི་ཁྲིམས་གཞིའི་ཁོངས་སུ་ཚོར་རྣོར་ཆེ་བ་དང་དམ་དྲག་ཆེ་བའི་གནས་ཚུལ་ལམ་ལས་ཀའི་གསང་བ་ཁག་ཀྱང་བཅུགས་ཡོད་པ་བཀོད་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། གོང་ཞུས་རྒྱ་ནག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞི་ཁྱབ་རྒྱ་ཆེ་རུ་བཏང་བ་དེ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་ཤུགས་ཆེ་རུ་གཏོང་བཞིན་པ་མངོན་གསལ་དོད་པོ་ཡིན་པ་དང་། སྔ་ལོའི་ཕྱི་ཟླ་༤་པའི་ནང་སོ་མྱུལ་ལ་འགོག་རྒོལ་བྱ་རྒྱུའི་ཁྲིམས་གཞི་ཟེར་བ་ཡང་བསྐྱར་བཅོས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ཡོད་པ་རེད། དེ་ལ་བརྟེན་རྒྱལ་ཁབ་འགའ་ཤས་ཀྱིས་རྒྱ་ནག་གིས་ཁྲིམས་གཞི་དེ་བེད་སྤྱོད་ཀྱིས་རྒྱ་ནག་ནང་ཚོང་འབྲེལ་གྱི་བྱེད་སྒོ་ཁག་ལ་ཡང་ཉེས་འཛུགས་ཉེས་ཆད་འགེལ་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད་འདུག
རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་སྔ་ལོར་རྒྱ་ནག་ནང་ཚོང་ལས་བྱེད་མཁན་(Mintz Group and Bain and Co)་ཞེས་པ་སོགས་ཐེ་བའི་ནུབ་ཕྱོགས་པའི་ཁེ་གཉེར་ལས་ཁང་འགའ་ཤས་ཀྱི་ཡིག་ཚང་ལ་གློ་བུར་དུ་འདྲི་རྩད་བྱས་པ་དེས། རྒྱ་ནག་ནང་ཚོང་ལས་གཉེར་མཁན་ཕྱི་རྒྱལ་ཀྱི་ཚོང་ལས་སྤྱི་ཚོགས་ལ་སེམས་ཚབས་ལངས་ཡོད་པ་རེད་ལ། ཡང་ཉི་ཧོང་གི་སྨན་སྦྱོར་རིག་པའི་གཙོ་འཛིན་ཞིག་གིས་རྒྱ་ནག་ནང་སོ་མྱུལ་བྱས་པའི་ཉེས་མིང་འོག་སྔ་ལོའི་ཕྱི་ཟླ་༣་པའི་ནང་འཛིན་བཟུང་བཀག་ཉར་ཡང་བྱས་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ལ་དམངས་གཙོའི་ཆེད་བསྟོད་གཟེངས་རྟགས་ཕུལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎