རྒྱ་ནག་གཞུང་གིས་ཕྱིའི་སྐད་ཡིག་ནས་ས་མིང་དག་བསྒྱུར་སྐབས་ཁྲིམས་སྐྱོང་གི་བདག་དབང་མཚོན་ཐབས་བྱེད་བཞིན་འདུག

2024.03.18
རྒྱ་ནག་གཞུང་གིས་ཕྱིའི་སྐད་ཡིག་ནས་ས་མིང་དག་བསྒྱུར་སྐབས་ཁྲིམས་སྐྱོང་གི་བདག་དབང་མཚོན་ཐབས་བྱེད་བཞིན་འདུག ལྷ་སའི་ཉེ་འཁྲིས་ཀྱི་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ཟེར་བའི་ནང་། ༠༥།༣༡།༢༠༢༡
AFP

རྒྱ་ནག་གཞུང་གིས་མི་རིགས་གཞན་དག་དང་། ཕྱི་རྒྱལ་གྱི་སྐད་ཡིག་ཐོག་ཡོད་པའི་ས་མིང་དག་རྒྱ་ཡིག་ནང་བསྒྱུར་སྐབས་རྒྱལ་ཁབ་དེའི་བདག་དབང་དང་། ཁྲིམས་སྐྱོང་གི་བདག་དབང་མཚོན་དགོས་ཞེས་རྒྱ་ནག་གཞུང་གིས་བརྗོད་ཡོད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་དག་གི་མིང་དང་། རྒྱ་གར་གྱི་ཨ་རུའུ་ན་ཅལ་མངའ་སྡེའི་ས་མིང་། བོད་ཀྱི་ས་མིང་བཅས་དེའི་ཁོངས་སུ་ཚུད་ཡོད་འདུག
རྒྱ་ནག་གི་དམངས་སྲིད་ལས་ཁང་གིས་ཕྱི་ཟླ་གསུམ་པའི་ཚེས་༡༥ཉིན་༼ས་མིང་དོ་དམ་ལག་བསྟར་བྱེད་ཐབས༽ཞེས་པ་ཡིག་ཆ་འགྲེམ་སྤེལ་བྱས་པའི་ནང་། གྲངས་ཉུང་མི་རིགས་ཀྱི་ས་མིང་དང་། ཕྱི་རྒྱལ་སྐད་ཡིག་གི་ས་མིང་བཅས་རྒྱ་ཡིག་ནང་བསྒྱུར་དགོས་པའི་བླང་བྱ་བཏོན་འདུག
རྒྱ་ནག་གཞུང་གིས་ཉེ་སྔོན་ནས་རྒྱལ་སྤྱིའི་ཐོག་བོད་ལ་དབྱིན་ཡིག་ནང་(Tibet)་ཞེས་འབོད་བཞིན་པ་དེ། རྒྱ་ཡིག་ཐོག་(Xizang)་ཞེས་འབོད་བཞིན་དེ་ལ་བསྒྱུར་དགོས་པ་གཏན་འབེབས་བྱས་ཡོད་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་མུ་མཐུད་དུ་(Tibet)་ཞེས་འབོད་བཞིན་ཡོད་པ་རེད།
དོན་དངོས་སུ་བོད་ནི་ད་ལྟ་རྒྱ་ནག་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཁོ་ན་མིན་པར་མཚོ་སྔོན་ཞིང་ཆེན་དང་། ཀན་སུའུ། སི་ཁྲོན། ཡོན་ནན་བཅས་ཀྱི་ཁོངས་སུ་བགོས་ཡོད་པའི་བོད་ཀྱི་ས་ཁུལ་གཞན་དག་ཀྱང་ཚུད་ཡོད་ཅེས་ཨ་རིའི་གྲོས་ཚོགས་ནང་ད་ལྟ་འགྲོ་བཞིན་པའི་བོད་རྒྱ་རྩོད་རྙོག་སེལ་ཐབས་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ནང་འཁོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་༼ས་མིང་དོ་དམ་ལག་བསྟར་བྱེད་ཐབས༽ཟེར་བ་དེ་ད་ལོའི་ཕྱི་ཟླ་༥བའི་ཚེས་༡ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་འདུག་ལ། དེའི་དོན་ཚན་༡༣པའི་ནང་དུ། དབང་བཅོལ་ཡིག་སྒྱུར་མ་བྱས་པར་རྒྱ་ནག་གི་མངའ་ཁོངས་ཀྱི་འདོད་ཚུལ་དང་། བདག་དབང་གི་ཐོབ་ཐང་ལ་གནོད་འཚེ་བཟོ་སྲིད་པའི་ཕྱི་རྒྱལ་ཡིག་རིགས་ཀྱི་ས་མིང་དག་ཐད་ཀར་བེད་སྤྱོད་བྱེད་མི་ཆོག་ཅེས་གསལ་འདོན་བྱས་འདུག


གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎