རྒྱ་ནག་གི་མི་མང་ལ་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད།
2012.06.24
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་ཞིབ་བཤེར་དམ་བསྒྲགས་གི་སྲིད་བྱུས་དེ་བཟང་སྤྱོད་ཐོག་ནས་ནོར་བ་ཡིན་པ་དང་ རྒྱ་ནག་གི་མི་འབྱོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ཡོད་པ་དེ་དག་ལ་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཀྱི་ཐོབ་ཐང་ཡོད་དགོས་སྐོར་བཀའ་སླལ་གནང་འདུག
རེས་གཟའ་སྤེན་པའི་༸གོང་ས་མཆོག་གིས་སྐོཊ་ལེནཌ་ནང་རྒྱལ་སྤྱིའི་གསར་ཤོག་དཔར་སྐྲུན་ཁང་ (International Network of Street Papers) ཞེས་པས་བཅར་འདྲི་ཞུས་པའི་སྐབས་༸གོང་ས་མཆོག་གིས་དབང་ཆ་གཅིག་བསྡུད་ཀྱི་སྲིད་གཞུང་རྒྱ་ནག་ལྟ་བུས་ལོ་བཅུ་ཕྲག་མང་པོའི་རིང་གདུག་རྩུབ་དྲག་གནོན་ཁོ་ནའི་ཐོག་ནས་དངོས་ཡོད་གནས་ཚུལ་གཡོལ་ཐབས་བྱས་ཡོད་ལུགས་སྐྱོན་བརྗོད་གནང་བ་དང་སྦྲགས།རྒྱ་ནག་གི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ཡོད་པ་དེ་དག་ལ་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་རྒྱུའི་ཐོབ་ཐང་དགོས་ཀྱི་རེད་ལ་གང་འགྲིག་དང་མི་འགྲིག་གི་ཐག་གཅོད་བྱ་རྒྱུའི་ནུས་པ་ཡང་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ཞིབ་བཤེར་དམ་བསྒྲག་དང་།མི་མང་གི་འགྲོ་སྡོད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་དེ་ནི་ མིའི་ཡ་རབས་བཟང་སྤྱོད་ལས་འགལ་བ་དང་མིའི་རྣམ་སྤྱོད་ལ་འགོག་རྐྱེན་བྱེད་ཀྱི་ཡོད་ལུགས་བཀའ་སྕལ་གནང་འདུག