འབྲི་རུའི་ན་གཞོན་ཁག་ཅིག་འཛིན་བཟུང༌།

2013-12-24
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གཞུང་གིས་འབྲི་རུ་ཁུལ་གྱི་བོད་མི་ན་གཞོན་ཁག་ཅིག་འཛིན་བཟུང་དོ་དམ་བྱས་ཡོད་པའི་གནས་ཚུལ།
རྒྱ་གཞུང་གིས་འབྲི་རུ་ཁུལ་གྱི་བོད་མི་ན་གཞོན་ཁག་ཅིག་འཛིན་བཟུང་དོ་དམ་བྱས་ཡོད་པའི་གནས་ཚུལ།
འབྲི་རུ། བོད་ནས་བཏང་འབྱོར།

༄༅༎བོད་ཀྱི་འབྲི་རུ་ཁུལ་རྒྱ་ནག་གཞུང་ནས་སླར་ཡང་བོད་མི་ན་གཞོན་ཁག་ཅིག་འཛིན་བཟུང་དོ་དམ་བྱས་ཡོད་པའི་གནས་ཚུལ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་ངོ་སྤྲོད་བྱེད་པར་ལྟར་ན།  བོད་ཀྱི་འབྲི་རུ་ཁུལ་ཕྱི་ཟླ་༡༢ཚེས་༡༡ཉིན་ས་གནས་ཉེན་རྟོག་མི་སྣས་འཛིན་བཟུང་དོ་དམ་བྱས་པའི་ལོ་ན་༡༦ཡིན་པའི་འབུམ་ཆོག་ཟེར་བའི་ན་གཞོན་དེ་བཞིན་ཉིན་ཤས་རིང་དོ་དམ་བྱས་པའི་རྗེས་སུ་གློད་བཀྲོལ་གྱིས་ནང་ཁྱིམ་དུ་ཕྱིར་ལོག་བྱས་ཡོད་འདུག ཁོ་པ་འཛིན་བཟུང་དོ་དམ་བྱེད་དགོས་དོན་ནི་ཁོ་པའི་ཁང་པའི་ནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཐོན་ཡོད་པ་དང་། དེ་བཞིན་རྒྱ་མིའི་རྒྱལ་དར་མེར་སྲེག་བཏང་ཡོད་ལུགས་ཉེས་འཛུགས་བྱས་ཡོད་འདུག ད་ལྟའི་ཆར་ཁོང་གི་གནས་སྟངས་གསལ་པོ་མེད་པ་རེད། ཡང་ལོ་ན་༡༢ཙམ་ཡིན་པའི་བུ་ཨ་ཕོ་ཟེར་བ་ཞིག་འཛིན་བཟུང་དོ་དམ་གྱིས་ཤག་ཆུ་གྲོང་ཚོའི་དོ་དམ་འོག་བཞག་ཡོད་པ་དང་། དེ་བཞིན་བུད་མེད་ཕྲུ་གུ་ཟླ་བ་གཅིག་ཙམ་ཡོད་པ་ཞིག་ཀྱང་ཕྲུ་གུ་མ་སྦྱར་བཞག་ནས་ཁོ་མོ་འཛིན་བཟུང་བྱས་ཡོད་པ་ཁོ་མོར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ངོ་རྒོལ་བྱས་པ་ཞིག་ཡིན་ལུགས་བཤད་ཡོད་འདུག ཡང་འདི་ཚེས་༡༦ཉིན་ལོ་ན་༡༩དང་༢༧ཙམ་ཡིན་པའི་བུ་མོ་གཞོན་སྐྱེས་གཉིས་ཀྱང་འབྲི་རུ་ནས་འཛིན་བཟུང་དོ་དམ་བྱས་པ་སོགས་ད་ལྟའི་ཆར་འབྲི་རུ་ཁུལ་མི་མང་ཚང་མ་དངངས་སྐྲག་དང་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་ལུགས་ངོ་སྤྲོད་བྱེད་འདུག །

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།