རྒྱ་ནག་གཞུང་གིས་བོད་མི་བཅུ་གཉིས་ལ་ཁྲིམས་ཐག་བཅད་པ།

རྒྱ་ནག་གཞུང་གིས་ཡང་བསྐྱར་བོད་མི་ངོ་རྒོལ་རྔམ་སྟོན་ནང་བཞུགས་མཁན་གྲས་མི་གྲངས་༡༢བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
2008-07-11
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་རང་སྐྱོང་ལྗོངས་ནང་རྒྱ་ནག་གཞུང་གིས་ཡང་བསྐྱར་བོད་མི་ངོ་རྒོལ་རྔམ་སྟོན་ནང་བཞུགས་མཁན་གྲས་མི་གྲངས་༡༢བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་བོད་མི་མང་པོ་རྐྱེན་ལམ་དུ་བཏང་ཡོད་པའི་ཁར་། མི་མང་པོ་ཞིག་འཇུ་བཟུང་བྱས་ཡོད་པ་དང༌། ད་རེས་ཕྱི་ཚེས་༡༠ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་གཞོན་པ་པད་མ་འཕྲིན་ལས་ལགས་ཀྱིས་ད་ཕན་ཁྱོན་བོད་མི་༤༢ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ ད་དུང་བོད་མི་བརྒྱ་དང་བཅུ་དྲུག་ལ་ཁྲིམས་ཞིབ་བྱེད་བཞིན་ཡོད་ལུགས་བཤད་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བཞག བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ཚེས་༡༡ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་བོད་རང་སྐྱོང་ལྗོངས་ནང་སྤྱི་བདེའི་ཉེན་རྟོག་པས་༣།༡༤ཟེར་བའི་དོན་རྐྱེན་དང་འབྲེལ་ཡོད་བོད་མི་ཁྱོན་༩༥༣འཛིན་བཟུང་བཀག་ཉར་བྱས་པ་དང་ དེའི་ཁོངས་རང་འགུལ་གིས་མགོ་བཏགས་ཞུ་མཁན་མི་གྲངས་༣༦༢ཚུད་ཡོད་ལུགས་རྒྱ་ནག་གཞུང་ཕྱོགས་ཀྱིས་གནས་ཚུལ་སྤེལ་ཐོག་ ད་དུང་བོད་མི་༡༡༦ལ་ཁྲིམས་ཞིབ་བྱེད་བཞིན་ཡོད་ལུགས་བཤད་ཡོད་ཅིང་ འོན་ཀྱང་ཕྱི་ཟླ་༦པའི་ཚེས་༢༠ཉིན་པད་མ་འཕྲིན་ལས་ཀྱིས་གསར་འགོད་ལྷན་ཚོགས་སྐབས་ ཕྱི་ཟླ་གསུམ་པའི་ནང་བྱུང་བའི་ངོ་རྒོལ་དང་འབྲེལ་ཡོད་ཀྱི་བཙོན་པ་ཉེས་པ་ཆུང་གྲས་༡༡༥༧གློད་བཀྲོལ་བཏང་བ་དང་ བོད་མི་༡༡༦ལ་ད་དུང་ཁྲིམས་ཐག་གཅོད་རྒྱུ་ལྷག་ཡོད་ལུགས་བཤད་ཡོད་ གོང་ཞུས་རྒྱ་ནག་ཕྱོགས་ནས་ཕྱིར་བསྒྲགས་བྱས་པའི་ནང་བོད་མི་འཇུ་བཟུང་བྱས་པའི་གྲངས་འབོར་སྔ་ཕྱི་མི་མཐུན་པའི་སྐད་ཆ་འདི་གཉིས་ལ་དོགས་གཞི་ཡོད་པ་འཁོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།