ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བ།


2017.08.08
ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བ། རྒྱ་ནག་གཞུང་གིས་དེ་རིང་རྒྱལ་ཁབ་དེའི་བཙན་བཟུང་འོག་ཡོད་པའི་ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ།
ཨེ་ཨེཕ་པི།

༄༅༎རྒྱ་ནག་གཞུང་གིས་དེ་རིང་རྒྱལ་ཁབ་དེའི་བཙན་བཟུང་འོག་ཡོད་པའི་ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ་དང་ཆབས་ཅིག དུས་དྲན་སྲུང་བརྩི་དེའི་སྐབས་ས་གནས་ཀྱི་རང་དབང་འཐབ་རྩོད་པ་ཚོའི་ཐོག་དམ་བསྒྲགས་ནན་པོ་བྱས་ཡོད་འདུག
དེ་ཡང་ནང་སོག་རང་སྐྱོང་ཟེར་བ་དེ་རྒྱ་ནག་ནང་དམར་ཤོག་ཚོགས་པས་གཞུང་འཛིན་མ་བྱས་པའི་ལོ་གཉིས་སྔོན་ཏེ། ཕྱི་ལོ་ ༡༩༤༧ ལོའི་ནང་བཙུགས་པ་ཞིག་ཡིན་པ་ལྟར། མངའ་ཁུལ་དེ་ནི་རྒྱ་ནག་གི་རང་སྐྱོང་ས་ཁུལ་ཐོག་མ་དེ་དང༌། ཕྱིས་སུ་བོད་དང་ཤར་ཏུར་ཀིས་ཐན་སོགས་མི་རིགས་རང་སྐྱོང་གི་ས་ཁུལ་གཞན་འཛུགས་རྒྱུར་མིག་དཔེ་ལྟ་བུ་ཞིག་ཆགས་ཡོད་པ་ལྟར། དེ་རིང་ནང་སོག་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ Hohhot དུ་ཡོད་པའི་རྩེད་ཐང་ཆེན་མོ་ཞིག་གི་ནང་ས་གནས་རང་སྐྱོང་ལྗོངས་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་མཐོ་ཤོས་ཨང་བཞི་པ་ Yu Zhengsheng གྱིས་གཏམ་བཤད་བྱས་པའི་ནང༌། མི་རིགས་ཆིག་སྒྲིལ་ནི་རྒྱལ་ཁབ་འཚོ་གནས་ཀྱི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་སྟབས།  མི་རིགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་གཞུང་གི་རྨང་གཞིའི་སྲིད་བྱུས་ཤིག་ཡིན། འདས་པའི་མི་ལོ་བདུན་ཅུའི་ནང་རང་སྐྱོང་ས་ཁུལ་འདིར་གཟི་བརྗིད་དང་ལྡན་པའི་གྲུབ་འབྲས་ཐོན་ཡོད་པ་དེ་དག་ཡོངས་རྫོགས་དམར་ཤོག་ཚོགས་པའི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་གནང་བ་ལས་བྱུང་བ་རེད་ཅེས་བཤད་ཡོད་པ་ལྟར། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བྱས་ན། རང་སྐྱོང་ལྗོངས་དེ་དག་ལ་ས་གནས་རང་སྐྱོང་གི་ཐོབ་ཐང་དགོས་པ་ཡིན་ཡང༌། འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་ཁག་དང༌། རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་ཚོས་ཟེར་བར་བྱས་ན། རང་སྐྱོང་ལྗོངས་དེ་དག་གི་འཛིན་སྐྱོང་དབང་ཆ་ཡོངས་རྫོགས་རྒྱ་ཧན་མི་རིགས་ཀྱི་ལག་ཏུ་ཡོད་པ་མ་ཟད། ངོ་རྒོལ་ཟིང་སློང་ཡོང་ཉེན་གྱི་དོགས་གཞིའི་འོག་གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་གསུང་གི་ཡོད་པ་ལྟར། ཐེངས་འདིའི་དུས་དྲན་སྲུང་བརྩིའི་སྐབས་སུའང༌། གཞུང་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཚོའི་ཐོག་ལྟ་སྲུང་ནན་པོ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎