རྒྱ་ནག་གཞུང་དང་ཡེ་ཤུའི་ཆོས་ལུགས་ལྟེ་གནས་ཀྱི་འབྲེལ་ལམ།

རྒྱ་གཞུང་གིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་དང་འབྲེལ་ལམ་བཟང་དུ་གཏོང་འདོད་ཡོད་པ་དེ་ཁ་ཞེ་གཉིས་མེད་ཡིན་པ་བརྗོད་འདུག

2011.11.29

༄༅༎རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་ལྦེ་ཊི་ཀན་དང་འབྲེལ་ལམ་བཟང་དུ་གཏོང་འདོད་ཡོད་པ་དེ་ཁ་ཞེ་གཉིས་མེད་ཡིན་པ་བརྗོད་འདུག།
ཝེ་ཊི་ཀན་དང་རྒྱ་ནག་གཞུང་དབར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་པོབ་ཀྱིས་བཀའ་ཁྲོལ་མེད་པར་ཡེ་ཤུའི་ཆོས་དཔོན་བསྐོ་བཞག་རིམ་པ་བྱས་པའི་དབང་གིས་ ཕན་ཚུན་དབར་མི་མཐུན་པ་ཆེན་པོ་བྱུང་ཡོད་ཀྱང་ ད་ཆ་རྒྱ་ནག་ནང་གི་ཡེ་ཤུའི་བླ་མ་པི་ཀྲར་ལུའོ་ཤུ་ཀང་ལ་རྒྱ་ནག་ནང་གི་ཡེ་ཤུའི་བླ་མ་སྦི་ཤོབ་ཏུ་བསྐོ་བཞག་བྱ་རྒྱུར་རྒྱ་ནག་གཞུང་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་ཝེ་ཊི་ཀན་གཉིས་ཀས་མོས་མཐུན་བྱས་པར་བརྟེན་ ཕན་ཚུན་གྱི་འབྲེལ་ལམ་བཟང་དུ་འགྲོ་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་ནང་གི་ཡེ་ཤུའི་བླ་མ་པི་ཀྲར་ལུའོ་ཤུ་ཀང་སྦི་ཤོབ་ཏུ་བསྐོ་བཞག་བྱ་རྒྱུའི་མཛད་སྒོ་དེ་སི་ཁྲོན་ཞིང་ཆེན་ནང་ཡོད་པའི་ ཡི་བིན་ཞེས་པའི་གྲོང་ཁྱེར་ཆུང་ངུ་དེའི་ནང་བྱེད་རྒྱུ་ཡིན་འདུག་ཅིང༌། གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧོང་ལེས་འདིའི་སྐོར་ཐད་ཀར་འགྲེལ་བརྗོད་གང་ཡང་བྱས་མེད་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ལྦེ་ཊི་ཀན་དང་འབྲེལ་ལམ་བཟང་དུ་གཏོང་འདོད་ཡོད་པ་དེ་ཁ་ཞེ་གཉིས་མེད་ཡིན་པ་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎