ཨོ་ལིམ་པིག་རིང་བོད་ལ་དམ་བསྒྲགས་ཤུགས་ཆེ་བྱེད་འཆར།

རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསི་ཏན་སོགས་ཀྱི་ས་ཁུལ་ཁག་ནང་བདེ་འཇགས་དོ་དམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད་
2008-07-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་ཚུགས་ལ་ཉེ་བའི་དུས་ཚོད་དེར་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསི་ཏན་སོགས་ཀྱི་ས་ཁུལ་ཁག་ནང་བདེ་འཇགས་དོ་དམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད་

དེ་ཡང་བོད་ལྗོངས་ཉིན་རེའི་གསར་ཤོག་ནང་གཞུང་འབྲེལ་གསལ་བསྒྲགས་བྱས་དོན་ལྟར་ན་ པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་སྐོངས་འཚོགས་བྱེད་པའི་སྐབས་གོང་ཞུས་ས་ཁུལ་ཁག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོར་བཀག་སྡོམ་བྱེད་རྒྱུའི་ཆེད་ས་གནས་ཁག་ཏུ་ཉེན་རྟོག་མི་སྣའི་སྲུང་བྱའི་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་གོང་ཞུས་གསར་ཤོག་ཐོག་བཀོད་ཡོད་པ་རེད་ ཡང་མུ་མཐུད་གནས་ཚུལ་བཀོད་པར་གཞིགས་ན་ རྩེད་འགྲན་དེའི་བརྒྱུད་རིམ་ནས་རྒྱ་ནག་གཞུང་དང་སྲིད་དོན་གྱི་བལྟ་བ་མི་མཐུན་མཁན་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་བཀག་སྡོམ་ཆེད་ས་གནས་ཁག་ཏུ་ཉེན་རྟོག་པ་འཕར་མ་བཏང་ནས་ས་གནས་ས་ཁུལ་ཁག་ཏུ་གཞུང་ཕྱོགས་ལ་ངོ་རྒོལ་གྱི་ལས་འགུལ་རིགས་བཀག་སྡོམ་གྱི་ལས་འགུལ་ནན་པོ་སྤེལ་རྒྱུ་མ་ཟད་ས་མཚམས་ཁག་ཏུའང་དམ་བསྒྲགས་ཤུགས་ཆེ་བྱེད་རྒྱུ་ཡིན་སྐོར་གནས་ཚུལ་བཀོད་པ་ཁག་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གི་དྲ་རྒྱའི་ཐོག་ཏུའང་མཐོང་རྒྱུ་ཡོད་པ་རེད་ ཡང་བོད་ཀྱི་དམངས་ཁྲོད་བདེ་འཇགས་ལས་དོན་ལྷན་ཚོགས་ཐོག་ཏུའང་བོད་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་དམ་བསྒྲགས་བྱེད་རྒྱུའི་ལས་དོན་ཡར་རྒྱས་གཏོང་རྒྱུ་དང་འཇིགས་སྐུལ་རིང་ལུགས་པའི་ལས་འགུལ་རིགས་ལ་འགོག་རྒོལ་བྱེད་རྒྱུ་སོགས་ཀྱི་སྐོར་གནས་ཚུལ་གླེང་ཡོད་པ་རེད་ དེ་ག་ནང་བཞིན་རྒྱ་ནག་གཞུང་གིས་རྒྱ་གར་དང་བལ་ཡུལ་གཞུང་ལའང་ཡུལ་ཁུངས་སོ་སོའི་ནང་བོད་མི་ངོ་རྒོལ་བ་ཚོའི་ཐོག་དམ་བསྒྲགས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་སྐོངས་ཚོགས་བྱེད་པའི་སྐབས་བོད་དང་རྒྱ་ནག་གི་ཤིང་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཏན་གྱི་ཡུལ་གྲུའི་ནང་དམ་བསྒྲགས་ཤུགས་ཆེ་བྱེད་རྒྱུ་ཡིན་ལུགས་གཞུང་འབྲེལ་གསལ་སྟོན་བྱས་ཡོད་པ་རེད་ལ་རྩེད་འགྲན་གྱི་འགོ་མཇུག་བར་གསུམ་རིང་བོད་ནང་དུ་ཡོད་པའི་ཉེན་རྟོག་མི་སྣ་ཚོར་གུང་གསེང་སྤྲོད་རྒྱུ་མིན་པའི་གསལ་བསྒྲགས་ཡང་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།