འབྲོང་སྣ་དགོན་པའི་དབུ་མཛད་ལ་མི་ལོ་བཅོ་བརྒྱད་ཀྱི་ཁྲིམས་ཆད།


2014.03.30
འབྲོང་སྣ་དགོན་པའི་དབུ་མཛད་ཐར་འདོད་རྒྱལ་མཚན་ལགས། འབྲོང་སྣ་དགོན་པའི་དབུ་མཛད་ཐར་འདོད་རྒྱལ་མཚན་ལགས།
པར། ངག་དབང་ཐར་བ།

ནགས་ཤོད་འབྲི་རུ་འབྲོང་སྣ་དགོན་པའི་དབུ་མཛད་ཐར་འདོད་རྒྱལ་མཚན་ལགས་ལོ་ངོ་༡༨བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༤ལོའི་ཕྱི་ཟླ་༡ནང་རྒྱ་ནག་གཞུང་གི་ལས་བྱེད་པས་ནགས་ཤོད་འབྲི་རུ་འབྲོང་སྣ་དགོན་པའི་དབུ་མཛད་ཐར་འདོད་རྒྱལ་མཚན་ལཌ་ཀྱི་གཟིམ་ཤག་སྔོག་བཤེད་བྱས་སྐབས། མཆོད་སྒྲོམ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་གསུང་དེབ་ཐོན་པ་སོཊ་ཆབ་སྲིད་ཀྱི་ནག་ཉེས་འོག་མི་ལོ་༡༨་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང་། རྒྱ་གཞུང་གིས་དེང་སྐབས་འབྲི་རུ་ཁུལ་དུ་དམ་བསྒྲཊ་ཆེ་བའི་རྐྱེན་གྱིས་ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོཊ་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་པར་གྱུར་འདུག དབུ་མཛད་ཐར་འདོད་རྒྱལ་མཚན་ལཊ་ཆུང་དུས་ནས་བོད་ཀྱི་གདན་ས་ཆེན་པོ་དགའ་ལྡན་ལ་ཆོས་ཞུཊ་གནང་བ་དང་། ཕྱི་ལོ་༡༩༩༢་ལོ་ནས་འབྲོང་སྣ་དགོན་པའི་དབུ་མཛད་ཀྱི་ཐུཊ་འགན་བཞེས་པ་དང་། དེ་ནས་ཕྱི་ལོ་༡༩༩༨་ལོར་དགོན་པའི་གཙོ་འཛིན་གྱི་ཐུཊ་འགན་ཡང་བཞེས་གནང་སྟེ་དགོན་པའི་ཤེས་ཡོན་སློབ་གསོ་དང་འདོན་རྟ་དབྱངས་སོཊ་དགོན་པའི་ཆོས་དང་ཆབ་སྲིད་གང་ཅིའི་ཐད་ལ་ཐུཊ་ཁུར་ཆེན་པོས་ཕྱག་ལས་གནང་མཁན་ཞིག་ཡིན་སྟབས་སྡེ་དགོན་གཉིས་ཀས་དད་མོས་ཆེན་པོ་ཞུ་བཞིན་པ་ཡིན་འདུག
འབྲོང་སྣ་དགོན་བདེ་ཆེན་དཔལ་འབར་གླིང་ནི་དུས་རབས་བཅུ་གཅིག་པའི་ནང་ཕྱག་བཏབ་པ་དང་། དུས་རབས་ཉི་ཤུའི་དཀྱིལ་གྱི་རྒྱ་དམར་གྱི་བོད་ཀྱི་ཆོས་དང་རིགས་གཞུང་གཏོར་ བཤིག་བྱེད་པའི་སྲིད་ཇུས་འོག་ནས་འབྲོང་སྣ་དགོན་པའང་རྩ་གཏོར་དུ་ཕྱིན་ཡོད་པ་རེད། རྗེས་སུ་དགོན་པ་དེའི་མཁན་པོ་མཁྱེན་རབ་ཆོས་གྲགས་དང་དབུ་མཛད་བསྟན་འཛིན་དབང་ ཕྱུག་སོགས་གནས་བརྟན་བགྲེས་སོན་རྣམས་ཀྱིས་དགོན་པའི་རྟེན་དང་བརྟེན་པ་ཞིག་གསོ་ གནང་ནས་ད་ལྟའི་ཆར་དགོན་པ་དེའི་ནང་དགེ་འདུན་པ་ཞལ་གྲངས་༩༠་ཙམ་ཡོད་པ་རེད་འདུག ཕྱི་ལོ་༢༠༡༣་ལོའི་ལོ་མཇུག་དང་ཕྱི་ལོ་༢༠༡༤་ལོ་སྟོད་དུ་འབྲི་རུ་རྫོང་གི་སེར་སྐྱ་མི་མང་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་། བོད་ཀྱི་རིག་གཞུང་བདག་གཅེས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བ་སོཊ་ཀྱི་རྐྱེན་པས་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་པའི་ཁོངས་སུ་དགོན་པའི་རིག་གནས་དགེ་རྒན་སྐལ་བཟང་དོན་གྲུབ་ལཊ་དབུས་པའི་དགེ་འདུན་པ་འགའ་ཤས་འཛིན་བཟུང་བྱས་པ་དང་། སྔ་ལོའི་ལོ་མཇུག་ལ་རྒྱ་མིའི་དམག་མིས་གྲ་ཤག་སྔོག་བཤེར་བྱས་པའི་མཐའ་མར་དགོན་པར་སྒོ་ཐེལ་རྒྱབ་པའི་གནས་ཚུལ་བྱུང་བ་མ་ཟད། ད་ལྟའི་ཆར་དགོན་པའི་དགེ་འདུན་པ་རྣམས་ཚོཊ་འཚོག་རྒྱུ་ལ་སོཊ་པའི་རྒྱུན་ལྡན་ཆོས་ཕྱོཊ་ཀྱི་བྱེད་སྒོ་ཁག་སྤེལ་བར་དབང་མེད་པར་གྱུར་ཡོད་འདུག

འབྲོང་སྣ་དགོན་པ།
འབྲོང་སྣ་དགོན་པ།

གསར་འགོད་པ་བསོད་ནམས་ལྷ་མོ།

ཡང་དེའི་ཐད་ཞིབ་ཕྲ་ང་ཚོའི་བལ་ཡུལ་གྱི་གསར་འགོད་པ་ཟླ་བ་སྒྲོལ་མས་གནས་ཚུལ་བཏང་བར་གསན་རོགས༎སྒྲ་ལྡན་གསར་འགྱུར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎