རྒྱ་མི་ཞིག་རྒྱ་ནག་གཞུང་གི་སོ་ཉུལ་བ་ཡིན་པའི་ཉེས་འཛུགས་ཀྱིས་ཨ་རིས་འཛིན་བཟུང་བྱས་འདུག

2024.08.27
རྒྱ་མི་ཞིག་རྒྱ་ནག་གཞུང་གི་སོ་ཉུལ་བ་ཡིན་པའི་ཉེས་འཛུགས་ཀྱིས་ཨ་རིས་འཛིན་བཟུང་བྱས་འདུག རྒྱ་ནག་གཞུང་གི་སོ་ཉུལ་བ་ཡིན་པའི་ཉེས་འཛུགས་བྱས་ཡོད་པའི་རྒྱ་རིགས་(Yuanjun Tang)
(Illustration by Amanda Weisbrod/RFA)

རྒྱ་རིགས་(Yuanjun Tang)་རྒྱ་ནག་གཞུང་གི་སོ་ཉུལ་བ་ཡིན་པའི་ཉེས་འཛུགས་འོག་ཕྱི་ཟླ་༨་ཚེས་༢༡་ཉིན་འཛིན་བཟུང་བྱས་འདུག་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔྱད་ཞིབ་སྡེ་ཚན་གྱིས་གནས་ཚུལ་ཞིབ་འཇུག་བྱས་པའི་ནང་། རྒྱ་ནག་གཞུང་གི་སོ་ཉུལ་དེ་ཡི་བཟའ་ཟླ་ཟུར་པ་(Jen Salen)ནི་ཨ་རིའི་(CECC)་ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཚོགས་ཆུང་ནང་གི་ལས་བྱེད་པ་ཞིག་ཡིན་འདུག གནས་ཚུལ་ནང་། ཨ་རིའི་དབུས་གསང་བའི་ལས་ཁུངས་(FBI)་ཡི་འགྲེལ་ཡོད་མི་སྣ་རེས་གཟའ་ལྷག་པའི་ཉིན་ཁོ་མོའི་ཁྱིམ་གྱི་སྒོ་ཁར་ཡོང་ནས། ཁོ་མོའི་དེའི་སྔའི་བཟའ་ཟླ་(Yuanjun Tang)་དེ་རྒྱ་ནག་གི་སོ་ཉུལ་ཡིན་ཞིང་། ཁོ་པ་འཛིན་བཟུང་བྱས་པའི་གནས་ཚུལ་འགྲེལ་བརྗོད་དང་འདྲི་རྩད་བྱས་སྐབས། ཁོ་མོ་ཧ་ལས་ཧོན་ཐོར་གྱིས་འགྲེལ་བཤད་རྒྱག་མ་ཐུབ་པ་དང་། གཟའ་ལྷག་པ་ཉིན་གང་ཁོ་མོ་ངུས་ཡོད་པའི་སྐོར་དང་། དེ་ནས་བཟུང་ངུ་ངུ་པ་ཡིན་སྐོར་འདི་ག་རླུང་འཕྲིན་ཁང་གི་དཔྱད་ཞིབ་སྡེ་ཚན་ལ་བརྗོད་འདུག
རྒྱ་ནག་གཞུང་གི་སོ་ཉུལ་ཡིན་པ་(Yuanjun Tang)་ནི་རང་ལོ་༥༥་ཡིན་པ་(Jen Salen)་ལ་ཕྱི་ལོ་༢༠༡༢་ནས་འདི་ལོའི་ཕྱི་ཟླ་༦་བར་བཟའ་ཚང་ཡིན་འདུག
ཡིན་ནའི་ཁོ་མོ་ཞིབ་བཤེར་འོག་ཚུད་མེད་པ་རེད། ཁོ་མོའི་ནང་ལ་(FBI)་ཞེས་པའི་ཨ་རིའི་དབུས་གསང་བའི་ལས་ཁང་གི་མི་སྣ་ཡོང་བའི་རྗེས་སུ་ཉིན་གཉིས་རིང་གླ་ཡོད་གུང་སེང་སྡོད་དུ་བཅུག་ཡོད་པ་དང་། ཁོ་མོའི་རིག་མཛོད་རྩིས་འཁོར་(FBI)་ལ་བཏང་འདུག
ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ལྷོ་ཕྱོགས་ཀྱི་ཁྲིམས་ཁང་ཀྱི་ཉེས་ཆད་གཏོང་མཁན་གྱི་གནས་ཚུལ་ལྟར་ན། (Tang)་ནི་ཕྱི་ལོ་༡༩༨༩་ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ནང་གི་དམངས་གཙོའི་ངོ་རྒོལ་གྱི་ལས་འགུལ་དྲན་རྟེན་སྲུང་བརྩིའི་ནང་ཧུར་བརྩོན་ཆེན་པོའི་སྒོ་ནས་མཉམ་ཞུགས་བྱེད་མཁན་ཞིག་ཡིན་རུང་། ཨ་རིའི་ནང་གནས་སྡོད་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་ཐ་དད་འཛིན་མཁན་ཚོ་དང་ཨ་རིའི་གྲོས་ཚོགས་ཀྱི་འོས་མིའི་སྐོར་གྱི་ཚོར་བ་རྣོ་བའི་གསང་བའི་གནས་ཚུལ་ཁག་ཕྱི་ལོ་༢༠༡༨་ནས་ཕྱི་ལོ་༢༠༢༣བར་རྒྱ་ནག་གི་བདེ་སྲུང་ལས་ཁང་ལ་མཁོ་སྤྲོད་བྱས་པའི་ནག་ཉེས་བ་བཙུགས་ནས་འདི་ལོའི་ཕྱི་ཟླ་༧་པའི་ནང་ཁོ་པར་འདྲི་རྩད་བྱས་རྗེས་ཕྱི་ཟླ་༨་ཚེས་༢༡་ཉིན་འཛིན་བཟུང་བྱས་འདུག
(Tang)་ཡི་ཁྲིམས་རྩོད་པར་འདི་ག་རླུང་འཕྲིན་ཁང་གིས་ཁ་པར་ཡང་སེ་བཏང་ཡང་ལན་འདེབས་བྱས་མིན་འདུག་ལ། (Tang)་ལ་ཁོ་པའི་བཟའ་ཟླར་ཁོ་པས་རྒྱ་ནག་གཞུང་གི་བདེ་སྲུང་ལས་ཁང་ལ་ཨ་རིའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་དེའི་སྐོར་སྐད་ཆ་དྲིས་སྐབས་དེའི་སྐོར་དུས་ནམ་ཡང་བཤད་མྱོང་མེད་སྐོར་བརྗོད་ཡོད་པ་རེད་འདུག
ཉེ་ལམ་ཕྱི་ཟླ་༨ཚེས་༦ཉིན། ལོ་ན་༧༦ ཡིན་པའི་ཨ་རིའི་ལོ་རྒྱུས་རིག་པ་བ་རྒྱ་རིགས་ཝང་ཧྲུའུ་ཇོན་ལ་ཨ་རིའི་སྦུརུཀ་ལིན་ཁྲིམས་ཁང་ནས་ཁྲིམས་གཤེར་བྱས་རྗེས་རྒྱ་ནག་དམར་ཤོག་ཚོཊ་པའི་ཆེད་སོ་མྱུལ་གྱི་ལས་དོན་སྒྲུབ་ཡོད་པ་ར་སྤྲོད་བྱུང་བ་བརྗོད་འདུག ཝང་གིས་ནིའུ་ཡོཀ་གྲོང་ཁྱེར་གྱི་(Flushing)་ས་གནས་སུ་དམངས་གཙོ་དོན་གཉེར་བའི་ལས་འགུལ་ལ་མྱུལ་ཞིབ་བྱེད་པ་དང་། (MSS) ཞེས་རྒྱ་ནག་གི་བདེ་སྲུང་ལྷན་ཁང་ངམ་གསང་བའི་ལས་ཁུངས་ཀྱི་ཆེད་གསང་མྱུལ་གྱི་ལས་དོན་བསྒྲུབས་ཡོད་པ་ཐེར་འདོན་ར་སྤྲོད་བྱས་འདུག འོན་ཀྱང་ཝང་གིས་ནག་ཉེས་དེ་དག་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད།
ཝང་ནི་༡༩༩༤ ལོར་རྒྱ་ནག་ནས་ཨ་རིར་གནས་སྤོ་བྱས་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ནང་ཐོག་མར་ཨ་རིའི་ཉེན་རྟོག་པས་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔྱད་ཞིབ་སྡེ་ཚན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་རྨི་ལམ་མངོན་སུམ་དུ་གྲུབ་པ་ལྟ་བུ་ཞིག་བྱུང་ཞེས། ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ Rajiv Shakdher ལགས་ཀྱིས་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎