ཞི་བདེའི་ལྷན་ཚོགས་ཐེངས་༡༤པ་ལེགས་པར་འགྲུབ་འདུག

2014-12-15
གློག་འཕྲིན།
མཆན།
Share
པར་བཀོད།
ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༡༢།༡༤
ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༡༢།༡༤
སྐུ་སྒེར་དྲ་བ

རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་མཇུག་བསྡོམས་དང་གསར་འགོད་པས་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་འདུག

དེ་ཡང་ཞི་བདེའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོའི་ཐོག་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ལྷན་འཛོམས་ཐོག་ལྷན་ཚོགས་དེའི་ཚོགས་གཙོ་མཆོག་ནས་དེང་སྐབས་འཛམ་གླིང་ནང་བྱུང་བཞིན་པའི་འཁོན་འཁྲུག་དང་། གནམ་གཤིས་འགྱུར་ལྡོག་ལ་ཐུགས་འཚབ་ཡོད་པ་སྤྱི་དང་ལྷག་དོན་དུ་ཡུ་ཀེ་རན་ནང་གི་རྩོད་རྙོག་དེ་བཞིན་ཞི་འཇམ་ཡོང་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་འདུག དེ་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་གསར་འགོད་ལྷན་ཚོགས་ཤིག་གནང་བ་དེ་རྒྱལ་ས་རོམ་གྱི་གྲོང་སྡེའི་སྤྱི་ཁྱབ་མཆོག་ནས་དབུ་འབྱེད་གནང་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕེ་རི་ཀའི་ནང་ཆིབས་བསྒྱུར་བསྐྱངས་གནང་ལ་ཐོངས་མཆན་ཕྱག་ཁྱེར་ཐད་དཀའ་ངལ་ཕྲན་བུ་བྱུང་ན་ཡང་རོམ་གྱིས་ལྷན་ཚོགས་དེའི་མགྲོན་བདག་དགའ་པོའི་ངང་ཞུ་རྒྱུ་བྱུང་སྐོར་ཞུས་འདུག དེ་ནས་༧གོང་ས་མཆོག་ལ་ལྷོ་ཨ་ཕེ་རི་ཀའི་གསར་ལམ་ཞིག་ནས་ལྷོ་ཨ་ཕེ་རི་ཀའི་གྲོང་ཁྱེར་Cape Town ཡི་གྲོང་སྡེའི་སྤྱི་ཁྱབ་མཆོག་ནས་༧གོང་ས་མཆོག་ལ་གྲོང་ཁྱེར་དེའི་ནང་ཆིབས་བསྒྱུར་སྐྱོང་གནང་ཡོང་བའི་མགྲོན་ཤོག་ཡང་བསྐྱར་འབུལ་ལམ་ཞུས་སྟབས་༧མགོན་པོ་གང་ཉིད་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་མིན་བཅར་འདྲི་ཞུས་པར་༧གོང་ས་མཆོག་ནས་༧མགོན་པོ་གང་ཉིད་ཆིབས་བསྒྱུར་བསྐྱང་རྒྱུར་དཀའ་ངལ་གང་ཡང་མེད། ཡིན་ནའི་ཁྱེད་ཚོའི་གཞུང་འཛིན་ཐོག་ནས་དཀའ་ངལ་ཡོད་སྲིད་སྐོར་བཀའ་ལན་སྩལ་འདུག དེ་ནས་༧གོང་ས་མཆོག་ལ་གསར་འགོད་པ་ཞིག་ནས་ཧོང་ཀོང་གི་སློབ་ཕྲུག་ཚོའི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་གི་ཡོད་མིན་སྐོར་བཅའ་འདྲི་ཞུ་སྐབས། ༧གོང་ས་མཆོག་ནས་གཞི་རྩའི་སློབ་ཕྲུག་དེ་ཚོ་ནི་ཧོང་ཀོང་ལ་མང་གཙོའི་ལམ་ལུགས་ཆ་ཚང་འདོད་མཁན་སློབ་ཕྲུག་གཞོན་གཞོན་ཤ་ཏག་རེད། རྒྱ་ནག་ནང་གི་ཤེས་ལྡན་མི་སྣ་ཐེ་བའི་མི་མང་ཚང་མས་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། ཡིན་ནའི་སོ་སོའི་ཀུན་སློང་ག་ཚོད་ཡག་པོ་ཡོད་པའམ་རེ་བ་ཧ་ལས་པའི་ཆེན་པོ་ག་ཚོད་ཡོད་རུང་རང་གི་ལས་འགུལ་ལམ་ལྷོང་ལྡན་པ་ཞིག་ཡོང་འདོད་ན་དངོས་ཡོད་བདེན་པའི་གནས་ཚུལ་ལ་རན་པའི་ལངས་ཕྱོགས་འཛིན་དགོས་ཀྱི་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་བཞིན་སྟོབས་ཆེན་ཞིག་ཡིན་སྟབས་འགྱུར་བ་ལས་སླ་པོའི་ཐོག་ནས་ཡོང་རྒྱུ་མིན་སྐོར་བཀའ་ལན་སྩལ་གནང་མཛད་ཡོད་པའི་གནས་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།