གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་༢༥པ།


2019.12.02
གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་༢༥པ། གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་༢༥པ།
ཨེ་ཨེཕ་པི།

བདུན་ཕྲག་གཉིས་རིང་སྐོང་ཚོགས་གནང་རྒྱུའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐེངས་༢༥པ་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐོག་ཕྱག་ལས་གནང་མཁན་ཁྱོན་མི་གྲངས་ ༢༩༠༠༠ ཕེབས་ཀྱི་ཡོད་འདུག    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Antonio Guterres ཡིས་གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་དེ་འབྱུང་རྒྱུ་ཡིན་པ་ཉག་ཅིག་དང་། འཛམ་གླིང་གི་སྲིད་དོན་གྱི་འགོ་ཁྲིད་རྣམས་ཀྱིས་གནད་དོན་དེའི་ཐད་ཕྱག་ལས་གནང་དགོས་པའི་དུས་ལ་བབས་ཡོད་སྐོར་ཉེན་བརྡ་བཏང་གནང་འདུག    ད་དུང་ཁོང་གིས། ང་ཚོས་ས་འོག་འདྲུ་རྒྱུ་དང་ཨི་ཁུང་ཕུག་རྒྱུ་དེ་མཚམས་འཇོག་བྱས་ནས་རང་བྱུང་དང་།  ཡང་ནས་ཡང་དུ་བེད་སྤྱོད་བྱེད་རྒྱུ་ཡོད་པའི་ནུས་ཤུགས་ཧ་ཅང་གི་ཕོན་ཆེ་ཡོད་པ་དེ་དག་བེད་སྤྱོད་གནང་དགོས་ཞེས་གསུང་འདུག    གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་རྐྱེན་གྱིས་དབྱིན་ཡུལ་ནང་རྟེན་གཞི་བྱས་ཡོད་པའི་ Save the Children Fund བྱིས་པའི་རོགས་སྐྱོར་ཚོགས་པ་དེས་ཨཕི་རི་ཀའི་གླིང་ཆེན་ནང་ཆར་རླུང་དྲག་པོ་དང་ཐེན་པ་བྱུང་པའི་རྐྱེན་གྱིས་མི་གྲངས་ས་ཡ་ ༣༣ ལ་བཀྲེས་སྐོམ་གྱི་དཀའ་སྡུག་འཕྲད་བཞིན་ཡོད་སྐོར་གསུང་འདུག    ད་ཐེངས་སི་པན་ནང་འཚོགས་བཞིན་པའི་་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེར་འཛམ་གླིང་གི་རྒྱལ་ཁབ་གྲངས་ ༥༠ ལྷག་གི་དབུ་ཁྲིད་རྣམས་ཕེབས་རྒྱུ་ཡིན་པ་དང་དེར་ཨ་མི་རི་ཀའི་སྲིད་འཛིན་ Donald Trump ཕེབས་ཀྱི་མེད་པ་རེད་འདུག    ཡིན་ནའང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi ལྷན་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་ཕེབས་ཡོད་པ་རེད།    གང་ལྟར་ཨ་མི་རི་ཀའི་ནང་གི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐོག་ཕྱག་ལས་གནང་མཁན་རྣམས་ཀྱིས་གོང་ཞུས་ལྷན་ཚོགས་དེར་སྲིད་དོན་གྱི་དབུ་ཁྲིད་སུ་ཕེབས་མིན་ལ་མ་ལྟོས་པར་དོན་དངོས་གནམ་གཤིས་འགྱུར་ལྡོག་ཐོག་ཕྱག་ལས་གནང་ཐབས་གནང་དགོས་པའི་སྐོར་གསུང་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎