༧གོང་ས་མཆོག་གིས་ལིའུ་ཞོ་པའོ་ཡི་ཆེད་གསུང་འཕྲིན་བསྩལ་འདུག


2017.06.29
ལེའུ་ཞོ་པའོ་དང་༧གོང་ས་མཆོག་གི་གསུངས་འཕྲིན། ལེའུ་ཞོ་པའོ་དང་༧གོང་ས་མཆོག་གི་གསུངས་འཕྲིན།
སྒྲིག་སྦྱོར།

༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་ལིའུ་ཞོ་པའོ་ལ་སྨན་བཅོས་གང་ལེགས་ཡོང་བའི་སྨོན་འདུན་གནང་འདུག
དེ་ཡང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞོ་པའོ་(Liu Xiaobo)མཆོག་ལ་མཆིན་པའི་གསོ་ཐབས་དཀའ་བའི་འབྲས་ནད་ཕོག་ཡོད་རྐྱེན་བཙོན་ཁང་ནས་སྨན་ཁང་དུ་སྤོར་ཡོད་པ་དང་། ༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་དང་སྦྲགས་སྨན་བཅོས་གང་ལེགས་ཡོང་བའི་གསུངས་འཕྲིན་བསྩལ་ཡོད་པ་རེད།
སྤྱི་ལོ་༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༩ ཉིན་བསྩལ་བའི་གསུང་འཕྲིན་གྱི་ནང་། ནོ་བྷེལ་ཞི་བདེའི་བྱ་དགའ་བཞེས་མཁན་སྐུ་ཞབས་ལིའུ་ཞོ་པའོ་བཙོན་ཁང་ནས་གློད་བཀྲོལ་ཐོབ་པའི་གནས་ཚུལ་ཐོས་པར་ངོས་རང་ལ་དགའ་ཚོར་ཆེན་པོ་བྱུང་། འོན་ཀྱང་ཁོང་གི་གཟུགས་གཞིའི་གནས་བབས་ཧ་ཅང་སྐྱོ་པོ་ཡོད་པ་ཤེས་སྐབས་བློ་ཕམ་ཡང་བྱུང་ཞེས་དང་།  
སྐུ་ཞབས་ལིའུ་ཞོ་པའོ་མཆོག་ནི་རྒྱ་ནག་གི་ཆབ་སྲིད་བཙོན་པའི་ཁྲོད་ཀྱི་མི་སྣ་གྲགས་ཆེ་ཤོས་གྲས་ཤིག་ཡིན་ཞིང་། ཁོང་གིས་མ་སྐུལ་དྭངས་བླངས་ཀྱི་བསམ་བློའི་ཐོག་ནས་ལས་འགུལ་བརྩམ་པ་དེ་དག་གིས་རྒྱ་ནག་ནང་སྤྱི་ཚོགས་འཆམ་མཐུན་དང་། བརྟན་ལྷིང་། དཔལ་འབྱོར་ལོངས་སྤྱོད་གོང་འཕེལ་ཐོག་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་འབྱུང་རྒྱུར་ལེགས་སྐྱེས་འབུལ་ཐུབ་པ་ཞིག་ཡོང་བར་ངོས་རང་ལ་ཡིད་ཆེས་ཡོད། ལས་འགུལ་དེ་དག་གི་རྐྱེན་པས་ཁོང་ལ་མནར་གཅོད་ཚབས་ཆེ་ཕོགས་ཡོད་པ་རེད་ཅེས་གསུངས་འདུག ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་། ལྷག་པར་དུ་ལིའུ་ཞོ་པའོ་ཡི་ཀུན་སློང་གི་ཐོག་ནས་རྒྱ་རིགས་ཤེས་ཡོན་ཅན་པ་དང་དོན་གཉེར་ཡོད་པའི་མི་སེར་བརྒྱ་ཕྲག་མང་པོར་སེམས་འགུལ་ཐེབས་ཏེ། རྒྱ་ནག་ནང་མང་གཙོ་དང་རང་དབང་། ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་དགོས་པའི་དགོས་འདུན་བཏོན་པའི་༢༠༠༨ ཀྱི་རྩ་འཛིན་ཡིག་ཆར་མིང་རྟགས་འགོད་རྒྱུའི་ལས་འགུལ་སྤེལ་བར་ངོས་སྒེར་ལ་ཡང་སེམས་འགུལ་ཐེབས་པ་དང་བློ་སྤོབས་སྐྱེ་བ་ཞིག་བྱུང་ཞེས་བཀའ་གནང་འདུག
ངོས་རང་ཐུག་འཕྲད་དུ་ཡོང་མཁན་མང་པོ་ཞིག་གིས་ཁོང་གི་བདེ་དོན་སླད་སྨོན་ལམ་རྒྱག་རོགས་ཞེས་འབོད་སྐུལ་བྱེད་བཞིན་འདུག་པ་ལྟར། ངོས་ཀྱི་རེ་བར་ད་ཆ་ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་གང་ལེགས་མཁོ་སྤྲོད་ཐོག་སྨན་བཅོས་ལམ་ལྷོངས་འབྱུང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཀའ་གནང་འདུག
དེ་བཞིན་ཧྥ་རན་སིའི་གསར་ལས་ཁང་གིས་ཚེས་༢༩ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་Liu Xiaobo ལ་མཆིན་པའི་འབྲས་ནད་ཕོག་པའི་རྐྱེན་གྱིས་གནས་སྐབས་སུ་བཟང་བཙོན་གྱི་གནས་སྟངས་འོག་སྨན་བཅོས་བྱེད་བཞིན་ཡོད་རུང་། ཁོང་གི་བཟའ་ཟླས་རྒྱ་ནག་གི་སྤྱི་བདེ་ལས་ཁུངས་ལ་(Liu Xiaobo) དང་། ཁོ་མོ་བཅས་ཛ་དྲག་གི་སྨན་བཅོས་ལྟ་སྐྱོང་ཆེད་ཕྱིའི་རྒྱལ་ཁབ་ཏུ་འགྲོ་བསྐྱོད་ཆོག་པའི་བཀའ་ཁྲོལ་སྙན་ཞུ་ཕུལ་ཡོད་པ་དང་། དེར་བརྟེན་ལེའུ་ཡིས་ཁོང་གི་འབྲས་ནད་ཀྱི་སྨན་བཅོས་ལྟ་སྐྱོང་དེ་ཕྱིའི་རྒྱལ་ཁབ་ནང་ཐུབ་རྒྱུའི་བཀའ་ཁྲོལ་ལ་རེ་སྒུག་བྱེད་བཞིན་ཡོད་པ་རེད་ཅེས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་རིགས་རྩོམ་པ་པོ་(Liao Yiwu)་ཡིས་བརྗོད་འདུག
དེ་བཞིན་ཨ་རི་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ཀྱིས་ལེའུ་ཞོ་པའོ་ཡི་སྨན་བཅོས་ཆེད་བློ་འཚབ་ཆེན་པོ་གནང་བཞིན་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་སུ་ལ་ཐོབ་ཀྱང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དེར་འགྱུར་བ་འགྲོ་རྒྱུ་མིན་པ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎