རྒྱ་གར་གཞུང་གིས་༧གོང་ས་མཆོག་དང་ཀརྨ་རྣམ་གཉིས་ལ་ཆེ་མཐོང་།


2017.01.04
༧གོང་ས་མཆོག་གི་གྱ་སྟོན་སྐབས་ཀརྨ་པ་མཆོག ༢༠༡༥།༦ ༧གོང་ས་མཆོག་གི་གྱ་སྟོན་སྐབས་ཀརྨ་པ་མཆོག ༢༠༡༥།༦
པར་ཚགས།

བོད་ཀྱི་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷག་དོན་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རྣམ་གཉིས་ལ་རྒྱ་གར་གཞུང་གིས་གཞུང་འབྲེལ་ཐོག་ནས་ཆེ་མཐོང་ཆེན་པོ་ཞུ་བའི་རྣམ་པ་གསར་པ་ཞིག་དེང་སང་ཐོན་བཞིན་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་གསར་ཤོག་Indian Express་ནང་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་སྲིད་བློན་ན་རེན་ད་ར་མོ་དྷི་མཆོག་གི་བཞུགས་གནས་སུ་ཕེབས་འགྲོའི་ནང་མཇལ་འཕྲད་གནང་བར་ཕེབས་ནས་ལོ་གཉིས་ཕྱིན་པའི་རྗེས། རིང་མིན་ཕྱི་ཟླ་༣་པའི་ནང་བྷེ་ཧར་མངའ་སྡེའི་Rajgir-Nalanda་ས་གནས་སུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སར་༧གོང་ས་མཆོག་རྒྱ་གར་གཞུང་གིས་སྤོབས་པ་ཆེན་པོའི་སྒོ་ནས་གདན་ཞུ་གནང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་རྒྱ་གར་དབུས་གཞུང་གིས་ལོ་༡༧་རྗེས་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལྷད་མེད་ཅིག་ཡིན་པ་ལས་རྒྱ་ནག་གི་གསང་མྱུལ་བ་མིན་པར་ངོས་ལེན་ཞུས་ཡོད་པ་རེད།
རྒྱ་གར་ནང་གི་མཐོ་རིམ་གནས་ཚུལ་འབྱུང་ཁུངས་ཀྱིས་གསུངས་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་འགན་འཁྲི་མ་ཡིན་པར་ངོམ་ཆོག་པའི་ཁྱད་ཆོས་ཤིག་ཡིན་པ་རྒྱ་གར་དབུས་གཞུང་གིས་མཁྱེན་རྟོགས་ཡོང་བཞིན་ཡོད་པ་རེད།
ད་དུང་གནས་ཚུལ་ནང་། རྒྱ་ནག་གིས་རྒྱ་གར་ནང་གནས་བཞུགས་གནང་མཁན་ནང་པའི་དབུ་ཁྲིད་༧གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱི་ཆིབས་བསྒྱུར་ཐོག་སྐྱོན་བརྗོད་འདྲ་མིན་བྱེད་བཞིན་ཡོད་མིན་ལ་མ་ལྟོས་པར། རྒྱ་གར་གཞུང་གིས་༧གོང་ས་མཆོག་དང་ཀརྨ་པ་རྣམ་གཉིས་རྒྱ་གར་ནང་དམ་དྲག་མེད་པར་རང་དབང་གྱི་སྒོ་ནས་ཕེབས་ཆོག་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།
༧གོང་ས་མཆོག་རིང་མིན་ཕྱི་ཟླ་གསུམ་པའི་ཚེས་༡༧ནས་༡༩བར་Rajgiri-Nalanda་ཏུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཞབས་སོར་འཁོད་རྗེས་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་ཁུལ་ཆིབས་བསྒྱུར་སྐྱོང་གནང་མཛད་ཀྱི་ཡོད་པ་རེད།
དེ་བཞིན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་ཁུལ་ཏུ་གང་མྱུར་ཕེབས་སྲིད་པ་ཡིན་སྐོར་ཡང་གནས་ཚུལ་སྤེལ་འདུག
རྒྱ་གར་གྱི་Rajgiri-Nalandaཪ་སྐོང་ཚོགས་གནང་རྒྱུའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེ་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་གནང་གི་ཡོད་པ་རེད། རྒྱ་གར་གཞུང་གི་གནས་ཚུལ་འབྱུང་ཁུངས་ཞིག་གིས་གསུངས་ན། ༧གོང་ས་མཆོག་ནས་དུས་རྟག་ཏུ་མགོན་པོ་གང་ཉིད་རྒྱ་གར་གྱི་བུ་ཡིན་ཞེས་གསུངས་གནང་གི་ཡོད་པར་ལེགས་སྐྱེས་ཀྱི་ཚུལ་དུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེར་གདན་ཞུ་ཕུལ་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎