སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༣༠་པ་མཇུག་སྒྲིལ་བ།


2015-12-17
Share
༧གོང་ས་མཆོག་གིས་དེ་སྔ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་གྲོགས་དགེ་འདུན་པ་རྒན་གྲས་ཚོར་མཇལ་ཁ་དང་བཀའ་སློབ་གནང་སྐབས། ༢༠༡༥།༡༢།༡༦ ༧གོང་ས་མཆོག་གིས་དེ་སྔ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་གྲོགས་དགེ་འདུན་པ་རྒན་གྲས་ཚོར་མཇལ་ཁ་དང་བཀའ་སློབ་གནང་སྐབས། ༢༠༡༥།༡༢།༡༦
ཀུན་དགའ་བཀྲ་ཤིས།
ང་ཚོའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

༧གོང་ས་མཆོག་གིས་དེ་སྔ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་གྲོགས་དགེ་འདུན་པ་རྒན་གྲས་ཚོར་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུའི་ཉིན་མཐའ་མར་བདག་དང་གཞན་གཅེས་འཛིན་དང་། བདག་ཅེས་པ་མངོན་སུམ་གྱི་ཤེས་པ་བྱེད་དགོས་པའི་ཐད་ཚན་རིག་པ་དང་མཉམ་བཀའ་བསྡུར་གནང་ཡོད་པ་རེད།
ཁ་ས་ཕྱི་ཚེས་༡༦་འམ་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཉིན་གསུམ་པ་དེ་དབུ་བཙུགས་མ་གནང་གོང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེར་བསྡུས་དགེ་འདུན་པ་རྒན་གྲས་༧༢་ལྷག་ཙམ་ལ་མཇལ་ཁ་གནང་བ་དང་། བཀའ་སློབ་གནང་དོན། སྤྱི་ལོ་༡༩༥༩་ལོར་ང་ཚོ་རྒྱ་གར་གྱི་ཨ་སམ་ས་གནས་སུ་ཐོག་མར་འབྱོར་བའི་སྐབས། ང་ཚོས་ག་རེ་བྱེད་དགོས་ཡོད་མེད་གང་ཡང་ཤེས་ཀྱི་ཡོད་མ་རེད། མཐར་ང་ཚོ་མཉམ་དུ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོང་ནས་དེར་བོད་མིའི་གཞིས་ཆགས་ཞིག་གསར་འཛུགས་བྱས་པ་རེད། དཀའ་ངལ་ཅན་གྱི་དུས་ཡུན་དེའི་ནང་ང་ཚོ་དགེ་འདུན་པ་ཚོས་ཀྱང་དཀའ་ལས་ཞེ་དྲག་རྒྱབ་ནས་ཆོས་དང་། རིག་གཞུང་དེ་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་ཡོད་པ་རེད།
དེ་བཞིན་ཁྱེད་ཚོས་ང་ལའང་དད་པ་ཡིད་ཆེས་གནང་ཡོད་པ་རེད། དེར་ངས་ཐུགས་རྗེ་ཆེ་ཞུ་གི་ཡིན་ཅེས་དང་། རྒྱ་ནག་གཞུང་གིས་ང་ཚོའི་ཆོས་དང་། རིག་གཞུང་རྩ་གཏོར་གཏོང་རྩིས་བྱེད་ཀྱི་ཡོད་པ་རེད་ལ་ང་ཚོ་ཁ་བྲལ་རིང་ལུགས་རེད་ཅེས་བརྗོད་ནས་བོད་མིའི་ངོ་བོ་བསྒྱུར་དུ་བཅུག་གི་ཡོད་རེད། ཡིན་ནའང་ང་ཚོའི་ངོས་ནས་ད་དུང་ཡང་འཚེ་མེད་ཞི་བའི་ལམ་དུ་བསྐྱོད་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།
དེའི་རྗེས་མུ་མཐུད་༧གོང་ས་མཆོག་དབུ་བཞུགས་ཀྱི་ཐོག་སེ་ར་བླ་སྤྱིའི་ནང་དུ་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུའི་སྐབས། བདག་དང་གཞན་གཅེས་འཛིན་གྱི་སྐོར་ལ་ཚན་རིག་པ་དང་ལྷན་བགྲོ་གླེང་ལྷུག་པོར་གནང་བ་སོགས་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༣༠་བ་ལེགས་པར་མཇུག་སྒྲིལ་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།